དབུལ་བོའི་ཁྱིམ་དུ་འབྱོར་བའི་ཉི་ཟེར་འཕྲོས།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-15


        དབུལ་སེལ་འགག་སྒྲོལ་དང་བསྟུན་ནས། ཁྲོ་ཆུ་རྫོང་གི་མང་ཚོགས་ཀྱིས་ཕྱོགས་གང་ས་ནས་སྲིད་ཇུས་རོགས་སྐྱོར་ལོངས་སྤྱོད་ཐུབ་པ་མ་ཟད། རང་འགུལ་སྒོས་དབུལ་སེལ་གྱི་བསམ་བློ་ལས་ཧྲུང་ང་ཡུལ་ཚོ་པུ་ཏོ་སྡེ་པའི་སྡེ་དམངས་རྣམས་ལ་དབུལ་སེལ་གྱི་བགྲོད་ལམ་ནས་སྔར་ལས་བརྟན་འཇགས་སུ་བཏང་ཡོད་པ་རེད།
        བོད་ཁུལ་དུ་སྡོད་ཁང་གསར་པ་འཛུགས་སྐྲུན་གྱི་སྲིད་ཇུས་ལས་གཞན། པུ་ཏོ་སྡེ་པར་ཕྱོགས་གང་མང་གི་ཐད་ནས་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་ཆེན་མོ་བྱུང་ཡོད། སྡེ་པའི་ནང་གི་གཞུང་ལམ་སྔར་ལས་འགྲོ་བདེ་ཞིང་རྒྱ་ཆེ་རུ་བཏང་ཡོད། ད་རུང་སྡེ་པའི་ནང་དུ་འཕྲོད་བསྟེན་ཁང་དང་། རིག་གནས་ཁང་སོགས་བསྐྲུན་ཡོད། ཀྲུང་དབྱི་སྨན་རྫས། དེ་མིན་སྐྱེ་ཁམས་སྔོ་ཚལ་འདེབས་འཛུགས་ཀྱི་ལག་རྩལ་རིམ་བཞིན་ཤེས་ཡོད། སྡེ་བའི་ནང་དུ་ར་མ་བརྒྱ་དང་བཅུ་གཉིས་ཡོད་ལ་དེ་ནི་ཐུན་མིན་དཔལ་འབྱོར་དུ་བརྩིས་ཡོད། སྲིད་ཇུས་ཀྱི་མ་དངུལ་བཏང་བའི་ཁར། སྡེ་བའི་མི་སེར་རྣམས་ལ་དབུལ་སེལ་གྱི་བསམ་བློ་ཡོད། འདི་ལས་པུ་ཏོ་སྡེ་པར་ད་སྐབས་རྣམ་པ་གསར་བའི་འགྱུར་ལྡོག་བྱུང་ཡོད་པ་རེད།
        ད་སྐབས་པུ་ཏོ་སྡེ་པའི་ཕྱོགས་ཡོངས་ལ་འགྱུར་བ་ཆེན་པོ་བྱུང་ཡོད་དེ། མི་འགྱངས་པར། པུ་ཏོ་སྡེ་བའི་སྡེ་དམངས་རྣམས་ལ་སྡོད་ཁང་གསར་པའི་ནང་དུ་སྡོད་ཐུབ་པ་དང་། འཚོ་བ་སྐྱིད་པོ་རོལ་ཐུབ་པའི་ཡིད་ཆེས་ཀྱིས་ཕྱུག་འདུག་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1