རང་རྒྱལ་གྱི་རྩྭའི་ཐོན་ལས་ཀྱི་ལོ་རེའི་ཐོན་འབབ་རིན་ཐང་སྒོར་དུང་ཕྱུར་3000ལས་བརྒལ་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-29


         སྤྱི་ལོ་2013ལོར་རྒྱལ་ཡོངས་རྩྭ་ཐང་དང་རང་བྱུང་རྩྭ་ཐང་གི་རྩྭ་གསོས་པའི་སྤྱིའི་ཐོན་འབབ་ཏུན་དུང་ཕྱུར་བཅུ་དང་བྱེ་བ་དྲུག་ཟིན་ཞིང་།དེ་ཉེ་བའི་ལོ་ལྔའི་ཆུ་ཚད་ཡག་ཤོས་ལ་སླེབས་ཡོད།རྒྱལ་ཡོངས་ཀྱི་རྩྭའི་ཐོན་ལས་ཀྱི་ལོ་རེའི་ཐོན་འབབ་རིན་ཐང་སྒོར་དུང་ཕྱུར་3000ལས་བརྒལ་ཡོད་ཅེས་གསུངས་པ་རེད།
        ཡུས་ཁང་ཀྲེན་གྱིས་ཉིན་ཤས་གོང་ནང་སོག་ཏུ་འཚོགས་པའི་སྐབས་གསུམ་པའི་ཀྲུང་གོའི་རྩྭའི་ཐོན་ལས་ཚོགས་ཆེན་ཐོག་ལྟ་ཞིབ་ཚད་ལེན་བྱས་པར་གཞིགས་ན།སྤྱི་ལོ་2013ལོར་རྒྱལ་ཡོངས་རྩྭ་ཐང་ཐོག་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་བརྒྱ་ཆ་54དང་གྲངས་ཆུང་གཉིས་ཟིན་ཡོད་ཅེས་གསུངས་ཡོད་པ་རེད།ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི་ཀྲུང་གོའི་རྩྭའི་ཐོན་ལས་གོང་འཕེལ་གྱི་སྙན་ཞུར་གཞིགས་ན།རང་རྒྱལ་དུ་རྩྭའི་ཐོན་ལས་གོང་འཕེལ་ལ་རྒྱལ་ཁབ་ནས་རྒྱབ་སྐྱོར་བྱེད་པའི་མ་ལག་འགྲུབ་ཟིན་པ་དང་།སྲིད་ཇུས་དང་།མ་དངུལ།ལག་རྩལ་སོགས་ཀྱི་ཐད་ནས་རྩྭའི་ཐོན་ལས་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད།སྤྱི་ལོ་2011ལོ་ནས་བཟུང་།རྒྱལ་ཁབ་ཀྱིས་ལོ་ལྟར་སྒོར་དུང་ཕྱུར་134གཤམ་སྤྲོད་བྱས་པ་དང་། ནང་སོག་དང་། ཤིན་ཅང་།བོད་ལྗོངས།མཚོ་སྔོན།སི་ཁྲོན།ཀན་སུའུ།ཉིང་ཞ།ཡུན་ནན་བཅས་རྩྭ་ཐང་འབྲོག་ཁུལ་གཙོ་བོ་བརྒྱད་ལ་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་བྱ་དགའི་སྒྲིག་གཞི་ཁྱོན་ཡོངས་ནས་བཟོས་ཡོད།
        སྤྱི་ལོ་2000ལོའི་ཚུན་དུ་རྒྱལ་ཁབ་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་44བཏང་ནས་པེ་ཅིན་དང་ཐན་ཅིན་གྱི་བྱེ་རླུང་འབྱུང་ཁུངས་བཅོས་སྐྱོང་ལས་གཞིའི་ཁྲོད་མི་ཐབས་ལ་བརྟེན་ནས་རྩྭ་སའི་རྒྱ་ཁྱོན་སྤྱི་ཆིང་སུམ་འབུམ་དྲུག་ཁྲི་བདུན་སྟོང་བཟོས་པ་དང་།མ་དངུལ་སྒོར་དུང་ཕྱུར་135དང་བྱེ་བ་བདུན་བཏང་ནས་འབྲོག་དོར་རྩ་གསོའི་ལས་གཞི་ལག་བསྟར་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1