དངོས་མཚོན་གློག་བརྙན་འཛམ་གླིང་ཡང་རྩེ་ཞེས་པ་སྟོན་འགོ་ཚུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ།   སྤེལ་དུས། 01-03


        དེང་སྐབས། ཕུལ་དུ་བྱུང་བའི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་ནི་ཀྲུང་གོའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་ཞིག་ཏུ་ཆགས་ཡོད་ཅིང་། དངོས་མཚོན་གློག་བརྙན་གྱི་ཁྱབ་ཁོངས་ཡང་དེ་ལས་མ་འདས། གཞེས་ནིང་ལོར་གྲགས་སྐད་དངོས་མཚོན་གློག་བརྙན་《སྣེ་གསུམ་པ》ཡི་སྒྲིག་བཟོ་དཔུང་སྡེ་དང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་གཉིས་མཉམ་འབྲེལ་ཐོག་ཡང་བསྐྱར་རྩོམ་གནང་མཛད་པའི་བརྩམས་ཆོས་གསར་པ《འཛམ་གླིང་ཡང་རྩེ》ཞེས་པ་ཉེ་ཆར་གཟིགས་མོ་བར་སྟོན་འགོ་ཚུགས་ཤིང་། ཡང་བསྐྱར་ཀུན་གྱི་མིག་ཟུང་མཚོ་བོད་ས་མཐོའི་སའི་གོ་ལའི་སྣེ་གསུམ་པར་བསྡུས་ཡོད་པ་རེད།《འཛམ་གླིང་ཡང་རྩེ》ཡི་མཚོན་ཐབས་རྣམ་པ་ཡང《སྣེ་གསུམ་པ》དང་མཚུངས་སྟེ།  སྡེ་ཚན་གྱི་གཏམ་རྒྱུད་བརྒྱུད་ས་ཁོངས་ཞིག་གི་འཕོ་འགྱུར་དང་ཐུན་མོང་གི་ངོས་འཛིན་མཚོན་པར་བྱས་ཡོད་པ་རེད།
          བོད་ཡུལ་གྱི་དངོས་མཚོན་གློག་བརྙན《འཛམ་གླིང་ཡང་རྩེ》ཐོག་མར་སྟོན་པའི་ཡོངས་བསྒྲགས་ཚོགས་འདུའི་ཐོག   ཀྲུང་གོའི་སྨྱན་སྦྱོར་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀྲང་ཡ་ཞིན་གྱིས། 《འཛམ་གླིང་ཡང་རྩེ》ཞེས་པའི་དངོས་མཚོན་གློག་བརྙན་འདིར་ཀུན་གྱིས་ཚུར་སྣང་འདི་འདྲ་དྲག་པོ་བྱུང་དོན་ཅི་རེད་ཅེ་ན། སྤྱི་ཚོགས་འདིར《སྣེ་གསུམ་པ》དང《འཛམ་གླིང་ཡང་རྩེ》ལྟ་བུའི་གློག་བརྙན་དགོས་ལ།  དེ་ཚོས་ང་ཚོའི་སྤྱི་ཚོགས་ཁྲོད་ཀྱི་བསམ་པའི་རྟེན་གཞི་ཞིག་ཏུ་གྱུར་ནས་དུས་རབས་ཀྱི་དགོས་མཁོ་ཞིག་ཐེག་བཞིན་ཡོད་པ་རེད། 《འཛམ་གླིང་ཡང་རྩེའི》ཁྲོད། གཏམ་རྒྱུད་རང་བཞིན་གྱི་སྤྲོས་བརྗོད་བྱེད་སྟངས་ཀྱིས་དེ་སྔར་བོད་ལྗོངས་ནི་ས་ཁམས་མཚོན་དོན་སྟེང་གི་ནང་བསྟན་དང་དད་མོས་བར་སྟོང་གི་ངོས་འཛིན་སྟངས་དེ་ཉིད“མི་རིགས་རིག་གནས་ཀྱི་ངོས་འཛིན”མཚོན་རྟགས་ཀྱི“མངོན་མིན་རིག་གནས་ཤུལ་བཞག”ཞིག་དང་། རིག་གནས་རྒྱུན་འཛིན། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བཅས་ཀྱི་དག་ཞིང་ཞིག་ཏུ་འགྱུར་ཡོད་པ་རེད་ཅེས་གདེང་འཇོག་གནང་འདུག
          གོ་ལ་ཧྲིལ་བོ་ཅན་གྱི་རྒྱབ་ལྗོངས་འོག   རིག་གནས་ཀྱི་འཕེལ་རྒྱས་དོ་མི་མཉམ་པའི་སྣང་ཚུལ་སྔར་བཞིན་གནས་ཡོད་དེ། གནས་ཚུལ་འདི་འདྲའི་འོག 《འཛམ་གླིང་ཡང་རྩེ》 ཡིས་དེང་རབས་ཤེས་དཔལ་འོག་གི་སྲོལ་རྒྱུན་གྱི་བག་ཆགས་དང་རང་བྱུང་ཁམས་དུ་ཕྱིར་ལོག་པ་མཚོན་ཡོད་པར་མ་ཟད། དེ་ལས་ཀྱང་གོ་དོན་གཏིང་ཟབ་ཅིང་བྲོ་བ་ལྡན་པའི་མི་རིགས་རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་གཏམ་རྒྱུད་ཅིག་བརྗོད་ཡོད་པ་རེད།《འཛམ་གླིང་ཡང་རྩེ》ཡིས་སྲོལ་རྒྱུན་རིག་གནས་བསྐྱར་དར་འདུས་པའི་ནང་དོན་བརྗོད་པའི་ཁྲོད།  དྲིལ་སྒྲོག་གློག་བརྙན་རིགས་ཀྱི་ཚོད་འཛིན་ལས་བརྒལ་ནས་བོད་ལྗོངས་ཀྱི་ས་ཁོངས་ལོ་རྒྱུས་ཕུན་སུམ་ཚོགས་པ་དང་དེ་བཞིན་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་རྒྱུན་བསྲིངས་རིན་ཐང་ཞིག་ཏུ་གྱུར་ཡོད་པ་རེད།
          《སྣེ་གསུམ་པ》ཡི་བརྒྱུད་ཆོས་ཡིན་པའི་ཆ་ནས། 《འཛམ་གླིང་ཡང་རྩེ》ཡིས《སྣེ་གསུམ་པའི》པར་ངོས་ཀྱི་ཕན་འབྲས་ཤིན་ཏུ་དྲག་པོ་དེ་རྒྱུན་འཛིན་གནང་ཡོད་དེ། མཐོན་པོ་གངས་རི་དང་སྔོ་ཞིང་དྭངས་བའི་ལྷ་མཚོ།  སྔོ་ལྗང་གི་ནགས་ཚལ་བཅས་ཀྱིས་བོད་ལྗོངས་ཀྱི་ཡིད་དབང་འགུག་པའི་མཛེས་སྡུག་མཚོན་ཡོད་པ་རེད། གལ་སྲིད《སྣེ་གསུམ་པ》ཡིས་ང་ཚོ་ལ་བོད་ལྗོངས་ནི་མི་ཚང་མའི་སེམས་ནང་གི་ཡིད་སྨོན་བྱེད་སའི་གནས་མཆོག་ཡིན་པ་བསྟན་པ་ཡིན་ཚེ། འོ་ན《འཛམ་གླིང་ཡང་རྩེ》ཡིས་གཏམ་རྒྱུད21བརྒྱུད། ལྷ་ཡུལ་དང་ཐག་ཉེ་ཤོས་ཀྱི་ས་གནས་དེ་གའི་མི་རྣམས་ཀྱིས་འཚོ་བ་དངོས་ནི་ཅི་འདྲ་ཞིག་ཡིན་པ་འགྲེམས་སྟོན་གནང་ཡོད་པ་རེད།

          《འཛམ་གླིང་ཡང་རྩེ》ཡིས་ཞབས་བྲོ་དང་སྲོལ་རྒྱུན་ལྡེབས་རིས།ལག་ཤེས་སྒྱུ་རྩལ་སོགས་བརྒྱུད་དད་མོས་འདུ་ཤེས་དང་། གདོད་མའི་མི་རིགས་ཀྱི་གཞི་རྒྱུ་དྲངས་ཡོད་ལ། གཞི་གཅིག་ཏུ་བསྡུས་པའི་བོད་ཀྱི་རིག་གནས་དང་མི་རྣམས་ཀྱིས་རེ་སྒུག་བྱེད་པའི་མི་རིགས་རིག་གནས་ཀྱི་བློ་གྲོས་མངོན་པར་མཚོན་ཡོད་པ་རེད། “ མི་རྣམས་ཀྱིས་རང་བཞིན་གྱིས་རང་བྱུང་ཁམས་ལ་གཟབ་ནན་བྱེད་པའི་གནས་ལུགས་རྟོགས་པ་ཡིན་ཚེ། བྱ་སྤྱོད་ཀྱི་ཚད་གཞི་འདི་ལྟ་བུ་ཞིག་ཏུ་གུས་སྲོལ་དང་འཛེམ་བྱའི་མ་ལག་ཆ་ཚང་ཞིག་ཏུ་སྒྱུར་ངེས་པ་མ་ཟད་རང་གི་རིག་གནས་མ་ལག་ཁྲོད་ཚུད་པར་བྱ་ངེས། ལྷོ་ཁོ་རེ་ཡའི་སྐྱེ་ཁམས་རིག་པ་སྨྲ་བ་ཆོན་ཅིན་ཞིའུ་ཡིས།  མཚོ་བོད་ས་མཐོའི་རང་བྱུང་ཁོར་ཡུག་ཁྲོད། མི་རྣམས་ནི་བྱང་སེམས་དང་སྤྲོ་སྣང་གིས་བརྟས་ཡོད་ལ། བོད་མི་རིགས་ཀྱིས་ཐེག་ནུས་པའི་ཉེ་འཁོར་གྱི་འཚོ་བའི་ཁོར་ཡུག་གི་རྣམ་འགྱུར་མྱོང་ཚོར་ཞིག་གིས་ཁོར་ཡུག་ལ་འཚམ་པའི་རང་བཞིན་ལེགས་འགྲུབ་བྱུང་པ་རེད་ཟེར།

          གལ་ཏེ《འཛམ་གླིང་ཡང་རྩེ》ཞེས་པས་ཡང་སྙིང་ཅི་ཞིག་མཚོན་པ་ཡིན་ནམ་ཞེ་ན། སྤྱི་ཁྱབ་ཇུས་འགོད་པ་ཙུན་ཧའེ་རོའི་ཡིས་དངོས་མཚོན་གློག་བརྙན་ལས་ལན་གསལ་བོ་སྤྲད་ཡོད་དེ། བོད་ལྗོངས་ཀྱི་་ཆེས་ཡིད་དབང་འཕྲོག་པའི་ས་ནི་དེ་གར་འཚོ་བ་རོལ་བའི་མི་རྣམས་ཀྱིས་འཚོ་བ་དང་ཕྱི་རོལ་ལ་བཟུང་པའི་ལྟ་སྟངས་ཡིན་ཏེ། རི་བོར་ལྟ་སྟངས་ཇི་ལྟར་འཛིན་པ། སྡོང་བོར་ལྟ་སྟངས་ཇི་ལྟར་འཛིན་པ།ས་ཆར་ལྟ་སྟངས་ཇི་ལྟར་འཛིན་པ་བཅས་ནི“ འཛམ་གླིང་ཡང་རྩེ” ཞེས་པའི་གོ་དོན་ཉིད་དོ། །
          དངོས་མཚོན་གློག་བརྙན་གྱིས་གཏམ་རྒྱུད་ཉི་ཤུ་ལྷག་བཀོལ་ནས་མི་དངཚ“ ཕ་རོལ” གླེང་ཡོད་ལ། དྲོ་སྐྱིད་ལྡན་ལ་རྒྱ་ཆེ་བ། ཐ་ན་དགོད་བྲོ་བའི་འབྲེལ་བ་ཡང་གླེང་ཡོད་པ་རེད། དེ་ཡང་འདི་གར“ཕ་རོལ” ཞེས་པ་ནི་ལྷམ་ཆ་གཅིག་དང་རི་བོ་ཞིག    རྟ་མཆོག་ཅིག     རྡོ་ཅིག་བཅས་ཡིན་ཆོག་ལ། ཚྭ་ཁུག་མ་གང་དང་ཐང་ག་ཞིག   མི་ཞིག་ཡིན་ཡང་ཆོག   དེར་བརྟེན།  ཕྱི་རོལ་ལ་བལྟས་པ་ཡིན་ན། ཁྱོད་རང་དང་དེ་ཡི་བར་ཐག་ཆེས་ཐག་རིང་བའི་ས་ཆ་ནི་འཛམ་གླིང་ཡང་རྩེ་ཡིན་ལ།  ཁྱོད་རང་དང་ཐག་ཉེ་ཤོས་གནས་དེ་ཡང་འཛམ་གླིང་ཡང་རྩེ་རེད། ཙུན་ཧའེ་རོའི་ཡིས“ དེ་སྔར་རྟག་ཏུ་ང་ཚོའི་འཚོ་བ་བློ་གྲོས་ལེགས་ཤོས་དང་ ཟོལ་མེད་བབ་ཆགས་ཀྱི་སྲོལ་རྒྱུན་བོར་ཚར་བ་དང་།  གོམས་འགྲོས་ཤིན་ཏུ་མགྱོགས་དྲགས་པ་ཡིན་ནམ།  ཉན་ཙམ་བྱ་དགོས་ཤིང་ལྟ་ཙམ་བྱ་དགོས་པར་སེམས་ཁྲལ་བྱས་མོང་མོད། ད་ལྟར་མགྱོགས་པ་ལ་མགྱོགས་པའི་མཛེས་ལྗོངས་དང་། དལ་བར་དལ་བའི་སྤྲོ་སྣང་ཡོད་ལ། དལ་མགྱོགས་ཀྱི་དཀའ་གནད་ཀྱི་དབང་དུ་མ་སོང་པ་ཡིན་ན་འགྲིག་འདུག་པར་འདོད”ཅེས་བརྗོད་བྱུང་།
          《འཛམ་གླིང་ཡང་རྩེ》ཡིས་བོད་ལྗོངས་ཀྱི་མི་རིགས་རིག་གནས་ཀྱི“ ཕྱིར་ལོག”སེམས་ཁམས་མངོན་ཡོད་དེ། རང་བྱུང་ཁམས་ལ་དད་གུས་དང་ཚེ་སྲོག་ལ་གཅེས་འཛིན་བྱས་པ་རེད། སྐབས་འདིའི་ཕྱིར་ལོག་ནི་གྲོང་གསེབ་ནས་གྲོང་ཁྱེར་དུ་ལོག་པ་མིན་པར། གྲོང་ཁྱེར་དུ་དཀོན་པའི་གསོན་ཉམས་ལྡན་པའི་མི་རིགས་ཀྱི་གཞི་རྒྱུ་དང་དམངས་སྲོལ་ཡིན་ལ། བོད་ལྗོངས་ཀྱི་བྱེ་བྲག་གི་མྱོང་ཚོར་གྱི་ཆ་ཚང་རང་བཞིན་དང་བོད་ལྗོངས་ཀྱི་ཐུན་མིན་བསམ་བློའི་འཚོལ་སྙེག་དེ་རེད་དོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1