ཟུང་ཆུ་རྫོང་གིས་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-03


        ཟུང་ཆུ་རྫོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་སྙིང་སྟོབས་དོན་དྲིལ་བསྒྲགས་བྱེད་ཆེད། ཉེ་སྔོན"གཞི་རིམ་དུ་བསྐྱོད་པའི་བྱ་འགུལ"དེ་ཅིན་ཨན་གྲོང་རྡལ་དུ་སྤེལ་ཏེ་མང་ཚོགས་རྣམས་ལ་རིག་གནས་དང་ཚན་རྩལ། འཕྲོད་བསྟེན། བཅའ་ཁྲིམས་སོགས་ཀྱི་སྲིད་ཇུས་སྣ་ཚོགས་སྒྲོག་འགྲེལ་བྱས།
        བྱ་འགུལ་གྱི་ཡུལ་དངོས་སུ།དགའ་སྤྲོའི་རྣམ་པའི་ཁེངས་ཡོད་ལ་ལས་བྱེད་མི་སྣའི་རྒྱ་ཆེ་བའི་མི་སེར་རྣམས་ལ་ཚན་རིག་ཁྱབ་སྤེལ་གྱི་དཔྱད་ཡིག་དང་རྒྱུན་ཁྲིམས་སློབ་དེབ།འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཀློག་དེབ་སོགས་འབྲེལ་ཡོད་ཀྱི་དྲིལ་བསྒྲགས་དཔྱད་ཡིག་འགྲེམ་སྤེལ་བྱས། དེ་མིན་ཡིག་གཟུགས་ལ་དགའ་མཁན་རྣམས་ཀྱིས་བྱ་འགུལ་གྱི་ཡུལ་དངོས་ནས་ལོ་སར་གྱི་སྨོན་ཚིག་བྲིས་ཏེ་ཚང་མ་ལ་ལོ་གསར་བའི་སྨོན་འདུན་ཞུས།
        དེའི་རྗེས་སུ་རིག་རྩལ་འཁྲབ་སྟོན་གྱི་ཁྲོད་ནས་བྱ་འགུལ་དངོས་སུ་འགོ་བརྩམས་དང་།གླུ་དབྱངས་དང་ཞབས་བྲོ་སོགས་ངོ་མཚར་ཆེ་བའི་ལེ་ཚན་སྣ་ཚོགས་ལ་ཡུལ་དངོས་ཀྱི་མང་ཚོགས་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1