པེ་ཅིང་གི་སྒྱུ་རྩལ་ཁང་བརྒྱད་པར་བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་རྩེ་གྲ་འགྲེམ་སྟོན་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-19


        པེ་ཅིང་ཁྲའོ་དབྱང་ཆུས་ཀྱི་ཁྲའོ་དབྱང་སྤྱི་གླིང་གི་སྒོ་ར་བརྒྱད་པའི་པེ་ཅིང་གི་སྒྱུ་རྩལ་ཁང་བརྒྱད་པར། 《རྟེན་འབྱུང་སྟེ་ཧི་མ་ལ་ཡའི་སྒྱུ་རྩལ་གྱི་འགྲེམ་སྟོན་》ཞེས་པ་ཉེ་དུས་སྤེལ་ཡོད་པ་རེད། འགྲེམ་སྟོན་དུ་དུས་སྐབས་ཁག་གི་ནང་བསྟན་ལྷ་སྐུ་དང་། ཐང་ག ཆོས་ཕྱོགས་ཡོ་བྱད་100ལྷག་བདམས་ཏེ་འགྲེམ་སྟོན་བྱས་ཡོད་པ་ལས། འགྲེམས་དངོས་རེ་རེ་ནས་དུས་རབས་ཀྱི་ཁྱད་ཆོས་དང་ཐུན་མིན་གྱི་ས་གནས་ཁྱད་ཆོས་སོགས་མངོན་ཡོད་སྟབས། བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་དེའི་ས་ཁུལ་མི་གཅིག་པའི་སྙིང་བཅུད་དང་ཐུན་མིན་ཁྱད་ཆོས་བསྟན་ཡོད་པ་རེད།

        གསར་འགོད་པས་ཡུལ་དངོས་ནས་ཀྲུང་གོ་དང་། རྒྱ་གར། བལ་པོ་སོགས་རྒྱལ་ཁབ་ཀྱི་ནང་བསྟན་ལྷ་སྐུ་དང་། ཐང་ག ཆོས་ཕྱོགས་ཡོ་བྱད་དག་འགྲེམས་སྟོན་བྱས་ཡོད་པ་མཐོང་བ་མ་ཟད། ཕ་ལྷ་གཞིས་ཀ་དང་སི་ཝ་ཐི་ས་ཁུལ། ཀསྨིར་སོགས་ཀྱི་དུས་རབས་དང་ས་ཆ་མི་འདྲ་བའི་སྒྱུ་རྩལ་གྱི་ཁྱད་ཆོས་ཀྱང་མངོན་ཡོད་པ་རེད།
        ཤེས་རྟོགས་བྱུང་གསལ་དུ། ཐེངས་འདིའི་འགྲེམ་སྟོན་གྱི་དགོངས་དོན་ནི་ཧི་མ་ལ་ཡའི་སྒྱུ་རྩལ་གྱི་སྙིང་བཅུད་ནང་དོན་གསལ་བར་བྱེད་པ་དང་། བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་ངོས་འཛིན་ལ་ཤེས་པ་ཟབ་མོ་སྐྱེད་དུ་བཅུག་ཏེ་བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་བརྩམས་ཆོས་ལ་དཔྱད་གཟིགས་ཀྱི་འདུ་ཤེས་ཁྱབ་སྤེལ་བྱས་ནས་མི་མང་གིས་བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་ལ་དོ་སྣང་དང་ཞིབ་འཇུག་བྱེད་འདོད་སྐྱེས་པར་བྱ་རྒྱུ་དེ་ཡིན་པ་རེད།

        འགྲེམ་སྟོན་འདི་ནི་2018ལོའི་ཟླ་དང་པོའི་ཚེས་23ཉིན་བར་སྤེལ་རྒྱུ་ཡིན་པ་རེད།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1