དཔལ་ཡུལ་རྫོང་གིས་ནགས་ཚལ་ཉེན་མེད་ཡོང་བར་ཞིབ་བཤེར་ནན་པོར་བྱས།

དབྱངས་ཅན་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 01-19


        ཁུལ་ནགས་ཚལ་མེ་འགོག་བཀོད་འདོམས་པུའུ་དང་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ད་དགུན་སང་དཔྱིད་ཀྱི་ནགས་ཚལ་མེ་འགོག་གི་བཀོད་སྒྲིག་ལྟར། བསྟུད་མ་ཉིན་ཤས་རིང་དཔལ་ཡུལ་རྫོང་ནགས་ཚལ་མེ་འགོག་བཀོད་འདོམས་པུའུ་དང་འབྲི་ཆུ་ནགས་སྐྲུན་ཅུས་ལས་གྲུབ་པའི་ནགས་ཚལ་མེ་འགོག་ལྟ་ཞིབ་ཚོ་ཆུང་གཏེར་ལྷུང་དང་། ཧོར་སྤོ། རོང་འགེབས་སོགས་ཤང་(གྲོང་རྡལ)ལ་ཕྱིན་ནས་ནགས་ཚལ་མེ་འགོག་གི་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་དང་ནགས་ཚལ་མེ་འགོག་གི་དྲིལ་བསྒྲགས་ལྟ་སྐུལ་ལས་ཀ་སྤེལ་བ་རེད།
     ལས་སྒྲུབ་ཚོ་ཆུང་གིས་ཤང་དང་གྲོང་རྡལ་སོ་སོའི་ནགས་ཚལ་མེ་འགོག་གི་བབ་བསྟུན་ཐག་གཅོད་བྱེད་ཐབས་གཏན་འབེབས་དང་འགན་འཁྲི་དོན་འཁྱོལ་བྱས་ཚུལ། ནགས་ཚལ་མེ་འགོག་འགོ་ཁྲིད་ཚོ་ཆུང་གི་ལས་རེས་མིང་ཐོ་དང་ལས་རེས་འབྱོར་ཐོ་འགོད་པ། ཤང་དང་གྲོང་སྡེ་སོ་སོའི་ནགས་ཚལ་མེ་འགོག་ལས་རེས་ཀྱི་རེའུ་མིག འོས་འགན་མེ་གསོད་རུ་ཁག་གི་མིང་ཐོ་སོགས་ལ་གཙོ་གནད་དུ་ལྟ་ཞིབ་བྱས་པར་མ་ཟད། གནས་པའི་གནད་དོན་ལ་དམིགས་ཏེ་ལེགས་བཅོས་བྱེད་པའི་བླང་བྱ་དངོས་སུ་བཏོན་པ་རེད། ལྟ་ཞིབ་ཚོ་ཆུང་གིས་བསྟན་དོན། དཔལ་ཡུལ་རྫོང་གི་ནགས་ཚལ་མེ་འགོག་གི་ལས་ཀ་དེ་ཉེན་བརྡ་གཏོང་བའི་དུས་རིམ་ལ་འཁེལ་ཡོད་པས། ཤང(གྲོང་རྡལ)སོ་སོས་ངེས་པར་དུ་དོགས་ཟོན་ཆེན་པོ་བྱ་རྒྱུར་རྒྱུན་འཁྱོངས་བྱས་ཏེ་སྣང་ཆུང་གཏན་ནས་བྱ་མི་རུང་བ་དང་། འགན་འཁྲི་ཁུར་སེམས་ཆེན་པོ་བཅངས་ནས་ནགས་ཚལ་མེ་འགོག་གི་ལྟ་ཞིབ་ལས་ཀ་སྒྲུབ་ཤུགས་ཆེ་རུ་བཏང་ནས་ལས་རེས་གཏན་སྲུང་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་ཁོངས་གཏོགས་ས་ཁུལ་གྱི་ནགས་ཚལ་མེ་འགོག་གི་ལས་ཀ་ཡག་པོ་བསྒྲུབས་ནས་དུས་ཐོག་ཏུ་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་སེལ་ཐུབ་པ་དང་ནགས་ཚལ་མེ་སྐྱོན་མི་ཡོང་བར་ཁག་ཐེག་བྱ་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1