སི་ཁྲོན་བོད་ཁུལ་དུ་ལྗང་མདོག་དངུལ་རྩའི་ཁུལ་གཟུག་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-26


     སི་ཁྲོན་ཞིང་ཆེན་གྱིས་ཉིན་ཤས་གོང“ལྗང་མདོག་དངུལ་རྩ་འཕེལ་རྒྱས་ཀྱི་འཆར་འགོད”པར་འགྲེམས་བྱས་ནས་སྣ་མང་ཅན་དང་ཁྱབ་རྒྱ་ཆེ་བའི་སི་ཁྲོན་ཞིང་ཆེན་གྱི་ལྗང་མདོག་དངུལ་རྩའི་གསར་གཏོད་མ་ལག་དང་ལྗང་མདོག་དངུལ་རྩའི་ཁྲོམ་རའི་མ་ལག་རིམ་བཞིན་གཏོད་རྒྱུ་ཡིན་པ་རེད། འཆར་འགོད་ནང་2020ལོར་སླེབས་སྐབས་སི་ཁྲོན་ལྗང་མདོག་ཡིད་རྟོན་དངུལ་བུན(ནུས་རྒྱུའི་ཁོར་ཡུག་སྲུང་སྐྱོང་དང་ཞབས་ཞུའི་རྣམ་གྲངས་བུན་གཡར)གྱི་བསྡུར་ཚད་15%ཟིན་པ་བྱས་ནས་ལྗང་མདོག་ཡིད་རྟོན་དངུལ་བུན་ལོ་རེར་ཆ་སྙོམས་འཕར་ཚད་བུན་གཡར་ཁག་གི་ཆ་སྙོམས་འཕར་ཚད་ལས་མི་དམའ་བ་བྱ་རྒྱུ་ཡིན་པ་ཁ་གསལ་འཁོད་ཡོད།

      འཆར་འགོད་གཞིར་བཟུང་། སི་ཁྲོན་གྱིས་ལྗང་མདོག་ཡིད་རྟོན་དངུལ་བུན་དང་། ལྗང་མདོག་འཛིན་ལོར། ལྗང་མདོག་འགན་བཅོལ། ལྗང་མདོག་ཐེབས་རྩ་སོགས་དངུལ་རྩའི་ཐོན་རྫས་མང་དག་ཅིག་གསར་གཏོད་བྱ་རྒྱུ་གཙོ་ཁྲིད་དུ་བྱས་ཏེ་འཛིན་ལོར་ཁྲོམ་ར་སོགས་རིམ་པ་མང་བའི་མ་རྩའི་ཁྲོམ་ར་འདེགས་སྐྱོར་དུ་བྱེད་པ་དང་། མཐོ་གསར་ཐོན་ལས་གཅིག་ཏུ་འདུས་པའི་ཁྲེང་ཏུའུ་དང་། ཏེ་དབྱང་། མན་དབྱང་བཅས་ལྗང་མདོག་དངུལ་རྩའི་ལྟེ་བའི་ཁུལ་ལ་བརྩི་བ། ལྗང་མདོག་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཀོང་ཡོན་དང་། པ་ཀྲུང་། རྔ་པ། དཀར་མཛེས། ལེང་ཧྲན་སོགས་ལྗང་མདོག་དངུལ་རྩའི་ཁུལ་ལ་བརྩི་བ། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་ལས་འགན་ལྕི་བའི་ཧྥན་ཀྲེ་ཧྭ་དང་། ཙི་ཀུང་། ལེ་ཧྲན་སོགས་ལྗང་མདོག་དངུལ་རྩའི་ས་ཚིགས་སུ་བརྩིས་ནས“ལྟེ་བ་གཅིག་དང་ཁུལ་གཅིག་མང་བའི”ལྗང་མདོག་དངུལ་རྩའི་བར་མཐོངས་ཀྱི་བཀོད་པ་གཏོད་རྩིས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1