ཏེན་ཞའོ་ཕིང་། ཕ་ཡུལ་གྱི་མང་ཚོགས་ཀྱིས་ཆར་བའི་ཁྲོད་ནས་ཁྱེད་ཉིད་སྐུ་འཁྲུངས་ནས་ལོ་འཁོར་110འཁོར་བའི་སྐྱེས་སྐར་ལ་རྗེས་དྲན་ཞུ་བཞིན་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-23


        སྤྱི་ཟླ་8་པའི་ཚེས་22ཉིན་ནི། ཏེན་ཞའོ་ཕིང་སྐུ་འཁྲུངས་ནས་ལོ་འཁོར་110འཁོར་བའི་རྗེས་དྲན་ཉིན་མོ་ཡིན་ལ།  ཁོང་གི་ཕ་ཡུལ་སི་ཁྲོན་ཀོང་ཨན་དུ།  ཁོང་ལ་རྗེས་དྲན་ཞུ་ཆེད། མང་ཚོགས་ཀྱིས་རྣམ་པ་སྣ་ཚོགས་པའི་སྒོ་ནས་ཀོང་ཨན་ནས་ལམ་ལ་ཆས་ཤིང་དུས་རབས་འདིའི་རླབས་ཆེན་གྱི་སྐྱེས་བུར་གྱུར་བའི་ཏེན་ཞའོ་ཕིང་ཁོང་ལ་རྗེས་དྲན་ཞུས་པ་རེད། 
 
        ཉིན་འདིའི་ཞོགས་པར། ཆར་བ་ཟམ་ཟིམ་ཞིག་གི་ཁྲོད་ནས། སྤྱི་ཚོགས་ཀྱི་ལས་སྣེ་སོ་སོ་གཅིག་རྗེས་གཉིས་མཐུད་ཀྱིས་ཏེན་ཞའོ་ཕིང་གི་ཕ་ཡུལ་ལ་ཡོང་ཡོད་ལ། ཏེན་ཞའོ་ཕིང་གི་སྐུ་བརྙན་ལ་མེ་ཏོག་འབུལ་བ་དང་གུས་ཞབས་བྱས་ཡོད། ཀོང་ཨན་རང་ནས་ཐོན་པའི་ཧང་ཐེང་ཧྥེ་གིས་ལག་ནང་གི་མེ་ཏོག་ཏེན་ཞའོ་ཕིང་གི་སྐུ་བརྙན་མདུན་དུ་བཞག་ནས་ཁོང་ལ་རྗེས་དྲན་ཞུས་སོང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1