ཕ་ཀི་སི་ཐན་གྱི་ལོ་17ཉིན་ཡིན་པའི་བུ་མོ་མཱ་ལཱ་ལཱར་2014ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-11


     ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་ལོ་འདིའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་ཕ་ཀི་སི་ཐན་གྱི་བུ་མོ་མཱ་ལཱ་ལཱ་དང་རྒྱ་གར་གྱི་བྱིས་པའི་ཐོབ་ཐང་ལས་འགུལ་བ་སྐུ་ཞབས་ཀེ་ལ་ཞི་ས་ཊིར་ཐི་གཉིས་ལ་ཐུན་མོང་དུ་འབུལ་རྒྱུ་ཁྱབ་བསྒྲགས་བྱས། (བུ་མོ་མཱ་ལཱ་ལཱ་ནི་ནོ་བྷེལ་གཟེངས་རྟགས་ཐོབ་མཁན་ལོ་ན་ཆུང་ཤོས་དེ་ཆགས་ཡོད།)

              སྤྱི་ཟླ་10པའི་ཚེས་10ཉིན། ནོ་བྷེལ་ཞི་བདེ་གཟེངས་རྟགས་ཚོགས་ཆུང་གིས། 2014ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་བུད་མེད་ཀྱི་ཤེས་ཡོན་ཐོབ་ཐང་རྩོད་ལེན་པ་ཕ་ཀི་སི་ཐན་གྱི་བུ་མོ་མཱ་ལཱ་ལཱ་དང་། རྒྱ་གར་གྱི་བྱིས་པའི་ཐོབ་ཐང་ལས་འགུལ་བ་སྐུ་ཞབས་ཀེ་ལ་ཞི་ས་ཊིར་ཐི་རྣམ་གཉིས་ལ་ཐུན་མོང་དུ་འབུལ་རྒྱུ་ཡིན་པ་གཏན་འཁེལ་ནས། ལོ་འདིའི་སྤྱི་ཟླ་12པའི་ཚེས་10ཉིན། ནོར་ཝེའི་རྒྱལ་ས་ཨོ་སི་ལོ་རུ་གཟེངས་རྟགས་འབུལ་བའི་མཛད་སྒོ་བསྡུ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1