ཨ་སྐྱིད་ཡུལ་ཚོས་ཁྲིམས་ལུགས་དང་སྲིད་ཇུས་ཞིང་གྲོང་དུ་བསྒྲགས་པ།

ཚེ་རིང་འཚོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-09
        རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ཀྱི་ཁྲིམས་ལུགས་ཀྱི་འདུ་ཤེས་ཇེ་མཐོར་གཏོང་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་དུས་རྒྱུན་འཚོ་བའི་ནང་ཁྲིམས་ལུགས་དང་སྲིད་ཇུས་རྟོགས་པ་དང་བེད་སྤྱོད་ཐུབ་པའི་ཆེད། ཉེ་ཆར། ཨ་སྐྱིད་ཡུལ་ཚོའི་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་ལུགས་དང་སྲིད་ཇུས་སྒྲོག་འགྲེལ་ཚོགས་པ་གཟའ་རུ་སྟོད་མར་སྐྱོད་ནས་ཁྲིམས་ལུགས་དང་སྲིད་ཇུས་ཁྱབ་བསྒྲགས་བྱས་པ།
        བྱ་འགུལ་ཁྲོད། གྱོད་དོན་དཔེ་མཚོན་ཅན་དང་འབྲེལ་ཏེ་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་དང་དམ་ཟབ་ཡོད་པའི་ཁྲིམས་ལུགས་སྲིད་ཇུས་དང་ཚད་མཐུན་མིན་པའི་གཉེན་སྒྲིག་དང་ཁྱིམ་ཚང་ནང་དུ་དྲག་ཤུགས་གཏོང་བའམ་མནར་གཅོད་བཏང་བའི་ཁྲིམས་འགལ་གྱི་བྱ་སྤྱོད་སོགས་ཁ་གསལ་གོ་བདེའི་སྒོ་ནས་གསལ་བཤད་དང་། རྒྱལ་འཇོག་དང་འཛིང་མོ་རྡུང་རེས། འགྲིམ་འགྲུལ་བདེ་འཇགས་དང་འབྲེལ་བའི་ཁྲིམས་ལུགས་དང་སྲིད་ཇུས་སྒྲོག་འགྲེལ་དང་ཞིང་འབྲོག་མང་ཚོགས་རྣམས་ལ་དམངས་སྲིད་ཐད་ཀྱི་སྲིད་ཇུས་སྒྲོག་འགྲེལ་བྱས། དེ་མིན་གོ་བདེ་ཞིང་ཤེས་སླ་བའི་སྐད་ཆ་ཡིས་ཆེས་དམའ་བའི་འཚོ་བའི་ཁ་གསབ་རོགས་སྐྱོར་དང་དབང་བོ་སྐྱོན་ཅན་ལ་གནང་བའི་རོགས་སྐྱོར་གྱི་ཆ་རྐྱེན་དང་བརྒྱུད་རིམ་སོགས་ངོ་སྤྲོད་བྱས། ཐེངས་འདིའི་སྒྲོག་འགྲེལ་བྱ་འགུལ་གྱིས་ཞིང་འབྲོག་མང་ཚོགས་ཀྱི་ཁྲིམས་ཀྱི་འདུ་ཤེས་དང་བྱང་ཚད་ཚད་མཐོ་རུ་བཏང་ལ། ཁྲིམས་ལུགས་དང་སྲིད་ཇུས་སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་སྣང་ཚུལ་ལེགས་པོ་བསྐྲུན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1