པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་བོད་ལྗོངས་ཡན་ལག་ཚོགས་པའི་ཚོགས་གཙོར་བདམས་ཐོན་བྱུང་བ།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 06-26



            ཟླ་6པའི་ཚེས་22ཉིན་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཚོམས་ཆེན་དུ་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་བོད་ལྗོངས་ཡན་ལག་ཚོགས་པའི་སྐབས་བཅུ་གཅིག་པའི་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་ཚོགས་འདུ་ཐེངས་དང་པོ་བསྡུས།
ལས་འཛིན་པས་འདེམ་ཤོག་ཀློག་པ།
            ཚོགས་འདུར་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་བོད་ལྗོངས་ཡན་ལག་ཚོགས་པའི་ཚོགས་གཙོར་བདམས་ཐོན་བྱུང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་བསོད་ནམས་བསྟན་འཛིན་གཉིས་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་བོད་ལྗོངས་ཡན་ལག་ཚོགས་པའི་སྐབས་བཅུ་གཅིག་པའི་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པར་བདམས། སྟག་བྲག་བསྟན་འཛིན་དགེ་ལེགས་སོགས་མི་18ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་བོད་ལྗོངས་ཡན་ལག་ཚོགས་པའི་སྐབས་བཅུ་གཅིག་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པར་བདམས། ཧྥན་ཧུང་པིན་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་བོད་ལྗོངས་ཡན་ལག་ཚོགས་པའི་སྐབས་བཅུ་གཅིག་པའི་ལས་འཛིན་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོར་བདམས། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་སོགས་མི་83ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་བོད་ལྗོངས་ཡན་ལག་ཚོགས་པའི་སྐབས་བཅུ་གཅིག་པའི་ལས་འཛིན་ལྷན་ཚོགས་རྒྱུན་ལས་ལས་འཛིན་པར་བདམས། སྤྲུལ་སྐུ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་མཆོག་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་བོད་ལྗོངས་ཡན་ལག་ཚོགས་པའི་མཚན་འཛིན་ཚོགས་གཙོར་གདན་ཞུས།
ཚོགས་འདུའི་ཡུལ་དངོས།
འདེམ་ཤོག་འཕེན་སྐབས།
ལས་འཛིན་པས་འདེམ་ཤོག་འཕེན་བཞིན་པ།
ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་བོད་ལྗོངས་ཡན་ལག་ཚོགས་པའི་སྐབས་གསར་པའི་ལྷན་སྤྱི་བདམས་ཐོན་བྱུང་རྗེས་བསྡུས་པའི་སྐབས་བཅུ་གཅིག་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོའི་ཚོགས་འདུ་ཐེངས་དང་པོ། 
            ཉིན་དེའི་ཕྱི་དྲོར་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་བོད་ལྗོངས་ཡན་ལག་ཚོགས་པའི་སྐབས་བཅུ་གཅིག་པའི་ལྗོངས་ཡོངས་འཐུས་མིའི་ཚོགས་ཆེན་གྱི་ལས་རིམ་སོ་སོ་ཡོངས་སུ་འགྲུབ་ནས་བདེ་བླག་ངང་མཇུག་སྒྲིལ།
བོད་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་རྣམ་པས་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་བོད་ལྗོངས་ཡན་ལག་ཚོགས་པའི་སྐབས་གསར་པའི་ལྷན་སྤྱིའི་མི་སྣར་མཇལ་འཕྲད་གནང་བ།
            ཚོགས་འདུའི་རྗེས་སུ་བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ཆེ་དགྲ་ལྷ་སོགས་ཀྱིས་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་བོད་ལྗོངས་ཡན་ལག་ཚོགས་པའི་སྐབས་གསར་པའི་ལྷན་སྤྱི་དག་ལ་མཇལ་འཕྲད་གནང་། བོད་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ལས་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བསྟན་ཁོ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་། 
            བོད་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་རྣམ་པས་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་བོད་ལྗོངས་ཡན་ལག་ཚོགས་པའི་སྐབས་གསར་པའི་ལྷན་སྤྱི་དག་ལ་མཇལ་འཕྲད་གནང་དུས། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་བོད་ལྗོངས་ཡན་ལག་ཚོགས་པའི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་གསུང་བཤད་གནང་བ།
            ཚོགས་འདུའི་སྟེང་བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་བོད་ལྗོངས་ཡན་ལག་ཚོགས་པའི་འདས་པའི་ལོ་ངོ་ལྔའི་རིང་གི་བྱ་བར་མོས་མཐུན་གང་ལེགས་གནང་བ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་བོད་ལྗོངས་ཡན་ལག་ཚོགས་པའི་ཚོགས་གཙོ་ཟུར་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་ལས་འཁུར་གནང་སྐབས་བསྒྲུབས་པའི་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོན་པོ་གནང་ནས། མིག་སྔ་དང་རྗེས་ཕྱོགས་ཀྱི་ནང་བསྟན་མཐུན་ཚོགས་ཀྱི་བྱ་བར་རེ་བ་དང་བླང་བྱའང་བཏོན། 
བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་གཉིས་ཀྱིས་མཛའ་བརྩེའི་ཕྱག་འཇུ་གནང་བ། 
            ཝུའུ་དབྱིང་ཅེས་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་བོད་ལྗོངས་ཡན་ལག་ཚོགས་པས་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ཆེའི་གྲྭ་བཙུན་ཡོངས་ལ་སྣེ་ཁྲིད་དེ་རྒྱལ་བའི་བཀའ་བསྟན་ལ་ཐོས་བསམ་བྱ་བ་དང་བསླབ་སྦྱངས་ལ་བརྩོན་སེམས་བསྐྱེད་པ། ཆོས་ཀྱི་ཆོ་ག་དག་ལ་བྱང་ཆུབ་པར་བྱེད་པ། ཆོས་ཀྱི་བློ་སྦྱོང་ཆ་ཡོངས་ནས་གང་ལེགས་སུ་གཏོང་བ་བཅས་ལ་བླང་བྱ་བཏོན་པ་སྟེ། ཆོས་སྲོལ་འཛུགས་སྐྲུན་དང་ནང་ཁུལ་དོ་དམ་ལ་གཡོ་བ་མེད་པར་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། འདུལ་ཁྲིམས་རྣམ་དག་སྲུང་བ། སྒོམ་སྒྲུབ་གོང་མཐོར་གཏོང་བ། སྤྱི་ཚོགས་ཀྱི་གྲགས་པ་སྲུང་བ། ཐུན་མོང་གིས་ཆོས་ཀྱི་རྣམ་དག་དང་བརྗིད་ཆགས་ཀྱི་སྤྱི་བའི་སྣང་བརྙན་སྲུང་བ་བཅས་བྱེད་པ། རང་ཉིད་ལ་བླང་བྱ་ནན་མོ་གདོན་པ་དང་ཞབས་ཏོག་སྒྲུབ་ནུས་མཐོར་འདེགས་གཏོང་བ་ནས་མགོ་བརྩམས་ཏེ། ཕྱོགས་ཡོངས་ནས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་བློ་ལ་ངེས་པར་བྱེད་པ་དང་། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་རྩ་ཁྲིམས་དང་བཅའ་ཁྲིམས་ངེས་པར་བྱེད་པ། ཆོས་རྣམ་དག་སྒྲུབ་པ་དང་རྒྱལ་གཅེས་ཁྲིམས་སྲུང་། སྒྲིག་ཁྲིམས་བརྩི་ཞིང་འདུལ་ཁྲིམས་སྲུང་བ། སྒྲུབ་སྦྱོང་གོང་མཐོར་གཏོང་བ། སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་པ་བཅས་དང་། དེ་མིན་ལྷན་སྤྱིའི་མཐུན་སྒྲིལ་དང་ཕན་ཚུན་བརྩི་བཀུར། ཕན་ཚུན་ཡིད་རྟོན། གཅིག་སེམས་གཅིག་གཏད། ཁྲེལ་གྲགས་མཉམ་ཁུར་བཅས་ཤུགས་ཇེ་དྲག་ཏུ་བཏང་ནས། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ངང་བྱ་བ་ནན་ཏན་སྒོས་སྒྲུབ་པར་སྐུལ་འདེད་དང་། བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་བྱ་བའི་རྣམ་པ་གསར་པ་མུ་མཐུད་དུ་གསར་དུ་གཏོད་དགོས་པར་བསྟན། 
བོད་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་དང་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་བོད་ལྗོངས་ཡན་ལག་ཚོགས་པའི་སྐབས་གསར་པའི་ལྷན་སྤྱི་དག་གི་མཉམ་པར། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1