༄༅།། ཞིང་པ་ཞོར་ལས་པའི་གླ་ཕོགས་འགོར་འགྱངས་བྱེད་པའི་གནད་དོན་རྩ་བ་ནས་ཐག་གཅོད་བྱེད་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 07-01


        ཉེ་ཆར། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་།ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིང་གཉིས་ལ་མཉམ་འབྲེལ་གྱིས《འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་ཞིང་པ་ཞོར་ལས་པའི་གླ་ཕོགས་འགོར་འགྱངས་བྱེད་པའི་གནད་དོན་རྩ་བ་ནས་ཐག་གཅོད་པའི་བྱ་བ་ལེགས་པོར་བསྒྲུབ་པའི་སྐོར་གྱི་བྱེད་ཐབས》(གཤམ་དུ《བྱེད་ཐབས》ཞེས་བསྡུས་ཡོད)བཏོན་ཏེ།ཞིང་པ་ཞོར་ལས་པའི་གླ་ཕོགས་འགོར་འགྱངས་བྱེད་པའི་གནད་དོན་རྩ་བ་ནས་ཐག་གཅོད་པའི་བྱ་བ་བཀོད་སྒྲིག་བྱས།
        《བྱེད་ཐབས》ནང་ངལ་རྩོལ་ལྟ་ཞིབ་སྲིད་འཛིན་ཁྲིམས་བསྟར་མཐུན་སྦྱོར་ལྟ་སྐུལ་བྱེད་པར་ཤུགས་སྣོན་པ་ནས།ཞིང་པ་ཞོར་ལས་པའི་ངལ་རྩོལ་གན་རྒྱར་ཡོངས་ཁྱབ་གྱིས་ཞིབ་བཤེར་དང་བརྟག་དཔྱད་བྱེད་པ།གླ་ཕོགས་འགོར་འགྱངས་བྱེད་པའི་རྩོད་གཞི་གཅིག་བསྡུས་ཀྱིས་ཞི་ལྷོད་དུ་གཏོང་བ་དང་ཡུལ་དངོས་ནས་ཐག་གཅོད་པ།གླ་ཕོགས་འགོར་འགྱངས་བྱེད་པའི་ཁྱབ་ཁོངས་ཀྱི་རྒྱུན་བཀོལ་བཅའ་ཁྲིམས་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་པ།བཅའ་ཁྲིམས་རོགས་སྐྱོར།གཞུང་དཔང་ཞབས་ཞུ།བཅའ་ཁྲིམས་ཞབས་ཞུ་སོགས་ཀྱི་ཕྱོགས་ནས་བྱེ་བྲག་གི་བཀོད་སྒྲིག་བྱས།ངལ་རྩོལ་ལྟ་སྐུལ་སྲིད་འཛིན་ཁྲིམས་སྐྱོང་གི་མཐུན་སྦྱོར་ལྟ་སྐུལ་ཇེ་དྲག་ཏུ་གཏོང་བ་དང་ཞིང་པ་ཞོར་ལས་པའི་ངལ་རྩོལ་གན་རྒྱར་ཡོངས་ཁྱབ་ཀྱིས་ཞིབ་བཤེར་དང་བྱ་བར་བརྟག་དཔྱད་བྱེད་པའི་འགན་འཁྲིའི་ལས་ཁུངས་ནི་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་།ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིང་།ཞིང་ཆེན་ཁྲིམས་འཛིན་ཐིང་།གྲོང་ཁྱེར་དང་ཁུལ་སོ་སོའི་ཁྲིམས་འཛིན་ཅུས།མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས།སྡོད་ཁང་འཛུགས་སྐྲུན་སྡེ་ཁག དཔལ་འབྱོར་གསར་སྤེལ་འཛུགས་སྐྲུན་སྡེ་ཁག་སོ་སོ་བཅས་ཡིན།
        《བྱེད་ཐབས》ནང་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་དང་།མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག སྡོད་ཁང་འཛུགས་སྐྲུན་སྡེ་ཁག་བཅས་ཀྱིས་རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་ཏེ།ཞིང་པ་ཞོར་ལས་པའི་གླ་ཕོགས་འགོར་འགྱངས་བྱེད་པ་རྩ་བ་ནས་ཐག་གཅོད་པའི་བྱ་བ་དེ་གྲོས་རིམ་ཉིན་ཐོའི་ནང་དུ་བཞག་ནས།འགན་འཁྲི་པ་གཙོ་བོས་སྤྱིའི་འགན་འཁུར་བ་དང་ལག་བསྟར་བྱེད་ཐབས་བཟོ་བ།བྱེ་བྲག་གི་བྱེད་ཐབས་ཇེ་ཞིབ་ཏུ་གཏོང་བ་བཅས་བྱས་ཏེ།འགན་འཁྲིའི་བླང་བྱ་གསལ་བོ་བྱེད་པ་དང་རིམ་པ་རེ་རེ་བཞིན་དངོས་འབེབས་དོན་འཁྱོལ་བྱེད་དགོས་པ་དང་། ཞིང་པ་ཞོར་ལས་པའི་གླ་ཕོགས་འགོར་འགྱངས་བྱེད་པ་རྩ་བ་ནས་ཐག་གཅོད་བྱེད་པའི་བྱ་བ་དྲིལ་སྒྲོག་བྱེད་པའི་ཚད་ཇེ་ཆེ་དང་དྲིལ་སྒྲོག་བྱེད་ཐབས་གསར་གཏོད།དྲིལ་སྒྲོག་ཐབས་ལམ་རྒྱ་སྐྱེད།དྲིལ་སྒྲོག་གི་ཁ་གཏད་རང་བཞིན་དང་ཕན་ནུས་རང་བཞིན་ཇེ་དྲག་བཅས་སུ་བཏང་ནས།གླ་ཕོགས་འགོར་འགྱངས་བྱེད་པ་རྩ་བ་ནས་ཐག་གཅོད་བྱེད་པར་སྤྱི་ཚོགས་ཀྱི་སྣང་ཚུལ་བཟང་པོ་སྐྲུན་དགོས་པའི་བླང་བྱ་བཏོན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1