ཧ་པོ་རྒྱང་ཤེལ་གྱིས་བརྙན་བླངས་པའི་བརྟན་སྐར་འཐོར་བཞིན་པའི་པར་རིས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-16


          སྤྱི་ཟླ་10པའི་ཚེས་14ཉིན། ཡོ་རོབ་ཀྱི་མཁའ་དབྱིངས་སྤྱི་ཁྱབ་ཁང་གི་གནམ་རིག་མཁས་ཅན་གྱིས་ཧ་ལེ་རྒྱང་མཐོང་སྤྱད་ནས་བརྟན་སྐར་འཐོར་བཞིན་བའི་རྣམ་པ་བརྙན་བླངས་ཤིང་། དེའི་ཁ་དོག་རྣམ་པར་བཀྲ་ཞིང་དབྱིབས་ནི་ཕྱེ་མ་ལེབ་ཞིག་དང་ཀུན་ནས་མཚུངས།

          གནམ་རིག་སྐར་རྩིས་མཁས་ཅན་གྱིས་བརྙན་བླངས་པའི་ཕྱེ་མ་ལེབ་ཀྱི་དབྱིབས་དེའི་ཨང་རྟགས་ནི་ NGC 6302ཡིན་ལ། དེ་ནི་དགུ་ཚིགས་སྐྱ་མོ་དང་བར་ཐག་ཕལ་ཆེར་འོད་ལོ་3800ཡོད། སྐར་སྤྲིན་འདི་ནི་བརྟན་སྐར་གྱི་དུས་རིམ་ཕྱི་མའི་འགྱུར་འབྱུང་རྫས་ཞིག་ཡིན་ལ། དེའི་དཀྱིལ་དབུས་སུ་རླངས་གཟུགས་ཀྱི་ངོས་ཤིག་དང་། ངོས་དེའི་དཀྱིལ་དབུས་སུ་ཕན་ཚུན་ལ་བསྐོར་བ་བརྒྱག་བཞིན་པའི་བརྟན་སྐར་གཉིས་ཡོད། ཕྱེ་མ་ལེབ་དབྱིབས་སྐར་སྤྲིན་གྱི་བརྟན་སྐར་དེ་ཉེ་བར་འཐོར་འགྲོ་བའི་སྐབས་སུ། ཕྱི་ལོགས་སུ་ཤིན་ཏུ་ཚ་བའི་རླངས་གཟུགས་གཏོང་གི་ཡོད། དེ་ཡང་བརྟན་སྐར་ཚང་མས་སྐྱེ་གནས་འཇིག་གསུམ་གྱི་བརྒྱུད་རིམ་བརྒྱུད་རིམ་བརྒྱུད་དགོས་ཀྱི་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1