ཞི་ཅིན་ཕིང་གིས་རིག་རྩལ་གྱིས་ཁྲོམ་རའི་དཔལ་འབྱོར་གྱི་རྦ་ཀློང་ཁྲོད་དུ་རང་ཉིད་ཀྱི་ཁ་ཕྱོགས་བོར་མི་རུང་ཞེས་གསུངས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-16


           སྤྱི་ཟླ་10པའི་ཚེས་15ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ནས། རིག་རྩལ་ལས་ཀའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་།

           ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རིག་རྩལ་གྱིས་ཁྲོམ་རའི་དཔལ་འབྱོར་གྱི་རྦ་ཀློང་ཁྲོད་དུ་རང་ཉིད་ཀྱི་ཁ་ཕྱོགས་འབོར་མི་རུང་ལ། རྒྱུ་མཚན་ཅི་ཞིག་གི་ཕྱིར་ཞེས་པའི་གནད་དོན་ཐོག་ཐལ་དྲགས་པའི་ནོར་འཁྲུལ་ཤོར་མི་རུང་། གལ་སྲིད་དེ་ལྟ་བུའི་ནོར་འཁྲུལ་ཤོར་ཚེ་རིག་རྩལ་གྱི་དོན་སྙིང་བརླགས་པ་ཡིན། དེ་བཞིན་རིག་རྩལ་གྱིས་ཁྲོམ་རའི་བྲན་གཡོག་བྱ་མི་རུང་ལ། རིག་རྩལ་ལ་དོང་ཙེའི་དྲི་ངན་གྱིས་མ་སྦག་པ་ཞིག་བྱ་དགོས། གལ་སྲིད་བརྩམས་ཆོས་ཡག་ཤོས་ཤིག་བྱུང་ན། དེ་ནི་སྤྱི་ཚོགས་ཀྱི་ཕན་ནུས་ཨང་དང་པོར་བརྩིས་ཡོད་པ་ཞིག་དང་། དུས་མཚུངས་སུ་སྤྱི་ཚོགས་ཀྱི་ཕན་ནུས་དང་དཔལ་འབྱོར་གྱི་ཕན་ནུས་གཉིས་གཅིག་གྱུར་ཡིན་པའི་བརྩམས་ཆོས་ཤིག་ཡིན་འོས་ཞེས་གསུངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1