སི་ཁྲོན་གྱི་སྨན་ཁང་དྲུག་གིས་རྣམ་གསར་ཞིང་ལས་མཉམ་འབྲེལ་གྱི་ས་ཁོངས་བརྒལ་ནས་སྨན་པ་བསྟེན་པར་དུས་ཐོག་ཏུ་བསྡོམས་རྩིས་བརྒྱབས་ཡོད།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-24


           སྤྱི་ཟླ་10པའི་ཟླ་འགོ་ནས། སི་ཁྲོན་ཞིང་ཆེན་གྱི་རྣམ་གསར་ཞིང་ལས་མཉམ་འབྲེལ་སྨན་བཅོས་འགན་སྲུང་ལམ་ལུགས་ནང་ཞུགས་པའི་ནད་པ་ཚོར་དམིགས་འཛུགས་སྨན་ཁང་གིས་དུས་ཐོག་བསྡོམས་རྩིས་བརྒྱབས་ཡོད། མིག་སྔར། སྨན་ཁང་གང་གིས་ས་ཁོངས་བརྒལ་ནས་སྨན་པ་བསྟེན་པར་དུས་ཐོག་བསྡོམས་རྩིས་བརྒྱག་ཐུབ་བམ། ལས་ཀ་དེའི་ཞིབ་ཕྲའི་བྱེད་ཕྱོགས་གང་འདྲ་ཡིན་ནམ། ཁ་སང་། སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་གིས་གནད་དོན་དེར་འགྲེལ་བརྗོད་གསལ་བོ་བྱས་སོང་།

              སྤྱི་ཟླ་10པ་ནས་བཟུང་། ཞིང་ཆེན་མི་དམངས་སྨན་ཁང་དང་། སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་སོགས་སྨན་ཁང་དྲུག་གིས་ཞིང་ཆེན་ནང་ཁུལ་གྱི་ས་ཁོངས་བརྒལ་ནས་སྨན་པ་བསྟེན་པར་དུས་ཐོག་བསྡོམས་རྩིས་བརྒྱག་པའི་ལས་ཀ་མངོན་འགྱུར་བྱུང་ཡོད། ནད་པ་དག་གིས་དམིགས་འཛུགས་སྨན་ཁང་དུ་སྨན་ཡོན་བསྡོམས་རྩིས་བརྒྱག་སྐབས་རང་ཉིད་ཀྱི་འགྲོ་སོང་མ་གཏོགས་སྤྲོད་དགོས་ཀྱི་མེད་ལ། དམིགས་འཛུགས་སྨན་ཁང་གིས་རྣམ་གསར་ཞིང་ལས་མཉམ་འབྲེལ་གྱི་ཁ་གསབ་འགྲོ་སོང་སྔོན་སྤྲོད་བྱེད་བཞིན་ཡོད།

           ནད་པ་སྨན་ཁང་ནས་བུད་ཏེ་སྨན་ཡོན་བསྡོམས་རྩིས་བརྒྱག་སྐབས། ས་ཁོངས་བརྒལ་ནས་སྨན་པ་བསྟེན་པར་དུས་ཐོག་བསྡོམས་རྩིས་བརྒྱག་པའི་རྣམ་གསར་ཞིང་ལས་མཉམ་འབྲེལ་གྱི་དམིགས་འཛུགས་སྨན་ཁང་གིས་གསབ་དངུལ་འགྲོ་སོང་སྔོན་སྤྲོད་བྱེད་པ་མངོན་འགྱུར་བྱུང་ཡོད་དེ། ནད་པས་རང་གི་འགན་ཁུར་བའི་ཆ་ཤས་དེ་ལས་གཞན་པའི་འགྲོ་སོང་ལ་དོ་སྣང་བྱ་དགོས་ཀྱི་མེད། ཞིང་གྲོང་གི་སྡོ་དམངས་ཀྱི་ནད་རིགས་ཚབས་ཆེའི་སྨན་བཅོས་འགན་སྲུང་ཆུ་ཚད་ཇེ་མཐོར་གཏོང་བའི་ལས་ཀའི་ལག་ལེན་འཆར་གཞི་ལ། དམིགས་འཛུགས་སྨན་ཁང་གིས་ངེས་པར་གནབ་ནན་གྱི་སྒོ་ནས་འཆར་གཞིའི་ཐག་གཅོད་ལྟར་སྨན་བཅོས་འགྲོ་སོང་སྔོན་སྤྲོད་ལས་ཀ་ཡག་པོ་བསྒྲུབ་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1