ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་དང་ཧོ་ལན་རྒྱལ་ཁབ་ཀྱི་རྒྱལ་བོ་དང་རྒྱལ་མོ་བཅས་ཀྱིས་དོམ་མས་དོམ་ཕྲུག་རྩེབས་པའི་ཐད་ནས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 06-28


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ད་ལོའི་ཟླ་ལྔ་བར། ཧོ་ལན་དུ་ཡོད་པའི་དོམ་མ་ཝུའུ་ཝུན་ཡིས་དོམ་ཕྲུག་རྩེབས། ཉེ་ལམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་དང་ཧོ་ལན་རྒྱལ་ཁབ་ཀྱི་རྒྱལ་བོ་ཝེ་ལིན་ཨ་ལེ་ཧྲན་ཏ་དང་རྒྱལ་མོ་མ་ཁི་ཞི་མ་བཅས་ཀྱིས་དེའི་ཐད་ནས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
        ཞི་ཅིན་ཕིང་དང་ཕིན་ལིས་ཡོན་རྣམ་གཉིས་ཀྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་གསུངས་རྒྱུར། དོམ་མས་དོམ་ཕྲུག་རྩེབས་པ་ནི་ཀྲུང་གོ་དང་ཧོ་ལན་བར་གྱི་མཛའ་མཐུན་འབྲེལ་བའི་འབྲས་བུ་ལེགས་པོ་ཞིག་ཡིན་པ་དང་། ཕྱོགས་གཉིས་ཀྱིས་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ཐད་ནས་མཉམ་ལས་བྱེད་པར་འབད་བརྩོན་བྱས་པའི་མཇུག་འབྲས་གལ་ཆེན་ཡིན་པས་ང་ཚོས་རྟེན་འབྲེལ་ཞུ་དགོས། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། ཀྲུང་གོ་དང་ཧོ་ལན་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་མི་དམངས་ཀྱིས་ཕན་ཚུན་ལ་རོགས་སྐྱོར་བྱས་ཤིང་། དཀའ་སྡུག་མཉམ་སེལ་དང་ཕན་ཚུན་རོགས་རེས་བྱས་ནས་གྲུབ་འབྲས་ཆེན་པོ་བླངས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཧོ་ལན་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། ཧོ་ལན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། འགྲན་རྩོད་གོ་སྐབས་སུ་བཟུང་སྟེ་རིམས་འགོག་དང་ཕྱོགས་གཉིས་ཀྱི་འགྲོ་འོང་མཉམ་ལས་ལ་སྐུལ་འདེད་གཏོང་བར་གཅིག་གྱུར་སྒོས་འཆར་འགོད་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
        ཝེ་ལིན་ཡ་ལེ་ཧྲན་ཏ་དང་མ་ཁི་ཞི་མ་གཉིས་ཀྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བཤད་དོན། དོན་མས་དོན་ཕྲུག་རྩེབས་པ་ནི་དགའ་འོས་པའི་དོན་ཆེན་ཞིག་ཡིན། ཚེ་སྲོག་གསར་བ་ནི་ཧོ་ལན་དང་ཀྲུང་གོའི་འབྲེལ་བར་གྲུབ་འབྲས་གསར་བ་ཐོབ་པའི་མཚོན་བྱེད་ཡིན་པ་དང་། འཛམ་གླིང་ཡོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པར་བྱས་རྗེས་བཞག་པ་ཡིན། ཧོ་ལན་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་བར་དུ་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ཐད་ནས་མཉམ་ལས་བྱེད་པར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། འཛམ་གླིང་གི་རྒྱལ་ཁབ་སོ་སོས་མཐུན་སྒྲིལ་རོགས་ལས་བྱས་ན་ད་གཟོད་ཐེངས་འདིའི་རིམས་ནད་ཀྱི་ཉེན་ཁ་ལས་རྣམ་པར་རྒྱལ་ཐུབ། ཧོ་ལན་དང་ཀྲུང་གོའི་འབྲེལ་བའི་རྨང་གཞི་བརྟན་པོ་ཡིན་ལ། ཧོ་ལན་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་ཕྱོགས་དང་ལག་རྡང་སྦྲེལ་ཏེ་རིམས་ནད་ཀྱི་འགྲན་རྩོད་ལ་ཁ་གཏད་འཇལ་ནས་ཕྱོགས་གཉིས་ཀྱི་རྒྱུན་ལྡན་འགྲོ་འོང་སྔ་མོ་ནས་སླར་གསོ་བྱེད་འདོད་ཡོད་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1