༄༅།།ཚ་བ་རྒྱས་སྐབས་ལུས་ཕུང་བཏུམ་ནས་འདུག་དགོས་སམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 11-16


         རྩོམ་འདིར་ཡིག་འབྲུ259ལས་མེད་པས། ཀློག་ཡུན་ཧ་ལམ་སྐར་མ2ཡིན། ཆང་ལ་དགའ་མཁན་དག་གིས་ངེས་པར་དུ་གཟིགས་རོགས།
         བཤད་རྒྱུན། ཚ་བ་རྒྱས་སྐབས་ལུས་ཕུང་བཏུམ་ནས་བསྡད་ན་ཚ་བ་འཇགས་ཐུབ།
         དོན་དངོས།  བྱེད་མི་འོས།
         གསོ་རིག་ལས་རྒྱུན་དུ་ཚ་བ་རྒྱས་པ་ཞེས་པ་ནི་ལུས་དྲོད་ཇེ་མཐོར་འགྲོ་བ་ལ་ཟེར།
         ལུས་ཕུང་བཏུམ་ནས་འདུག་པ་ནི་ད་རག་བར་ད་དུང་མི་མང་པོ་ཞིག་གི་སེམས་སུ་ཚ་བ་རྒྱས་པ་ལ་ཁ་གཏད་གཅོག་པར་ལས་སླ་ཤོས་དང་ནུས་ལྡན་གྱི་བྱེད་ཐབས་ཤིག་ཡིན་པར་འདོད་ཡོད། འོན་ཀྱང་ནན་གྱིས་བཤད་ན། ལུས་ཕུང་བཏུམ་ནས་འདུག་པ་དེ་ནི་བྱེད་ཐབས་ལེགས་ཤོས་ཤིག་མ་རེད།
         ཚ་བ་རྒྱས་པར་དུས་རིམ་གསུམ་དུ་དབྱེ་ཆོག་སྟེ། གྲང་འཐབ་དུས་རིམ་དང་། ཚ་བ་ཆེ་བའི་དུས་རིམ། ཚ་བ་འཇགས་པའི་དུས་རིམ་བཅས་ཡིན།
         མི་མང་པོ་ཞིག་གིས་རང་ཉིད་ཀྱི་ལུས་པོ་བཏུམ་ནས་རྔུལ་ཆུ་བཞུར་རྗེས་ཚ་བ་འཇགས་སོང་ཟེར། དོན་དངོས་སུ་དེ་ལྟར་མ་ཡིན་ཏེ། དོན་དངོས་སུ་རྔུལ་ཆུ་བཞུར་བ་ནི་ཚ་བ་འཇགས་པའི་མཇུག་འབྲས་ཤིག་ཡིན་པ་ལས་ཚ་བ་འཇགས་པའི་རྒྱུ་རྐྱེན་མ་ཡིན།
         ཚ་བ་རྒྱས་ཏེ་ཚ་བ་འཇགས་པའི་དུས་རིམ་དུ་སླེབས་ཚེ། ལུས་ཕུང་ནས་རང་འགུལ་ངང་ཚ་བ་ཕུད་ནས་རྔུལ་ཆུ་ཐོན་པ་དང་། དེའི་སྔོན་ལ་ལུས་ཕུང་ཇི་འདྲ་བཏུམ་རུང་རྔུལ་ཆུ་ཐོན་མི་ཐུབ།
         འོན་ཀྱང་གྲང་འཐབ་དུས་རིམ་ལ་རྐང་ལག་འཁྱག་པ་དང་འདར་སིག་སིག་བྱེད་པའི་སྐབས་སུ། ཉལ་ཐུལ་གྱིས་བཏུམ་ནས་བསྡད་ན་ལུས་དྲོད་ཇེ་མཐོར་འགྲོ་བ་དང་། གྲང་ངར་གྱིས་ལུས་ཕུང་ལ་ཐེབས་པའི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་ཐུབ། ཚ་བ་ཆེ་བའི་དུས་རིམ་ལ་སླེབས་ཚེ། གཟུགས་པོ་མི་གྲང་སྐབས། ད་དུང་བཏུམ་ནས་སྡོད་པའི་དགོས་པ་མེད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1