ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་དམིགས་བསལ་དངུལ་ལེན་དབང་ཆའི་བགོ་འགྲེམས་ཇུས་གཞིར་ཆོག་མཆན་ཐོབ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-05



    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝ་ཧྲིང་ཐོན་ནས་གློག་འཕྲིན་འབྱོར་གསལ། ཚེས་2ཉིན། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས(IMF)ལས་འཛིན་ལྷན་ཚོཌ་ཀྱིས་གཞི་ཁྱོན་ཨ་སྒོར་དུང་ཕྱུར་6500ཡི་རེས་སྐོར་གསར་པའི་དམིཌ་བསལ་དངུལ་ལེན་དབང་ཆའི(SDR)ཡོངས་ཁྱབ་བགོ་འགྲེམས་ཇུས་གཞིར་ཆོག་མཆན་སྤྲད་ནས་གོ་ལ་ཧྲིལ་པོའི་འཁོར་རྒྱུག་རང་བཞིན་ཆེ་རུ་བཏང་ཡོད། འདི་ནི་IMFཡི་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་དམིགས་བསལ་དངུལ་ལེན་དབང་ཆའི་བགོ་འགྲེམས་ཤིག་རེད།
    IMFཡིས་དེ་ཉིན་སྤེལ་བའི་གསལ་བསྒྲགས་ལ་གཞིགས་ན། རེས་སྐོར་དེའི་གསར་སྣོན་དམིགས་བསལ་དངུལ་ལེན་དབང་ཆ་ནི་ད་ཡོད་ཀྱི་ཐོབ་སྐལ་གྱི་བསྡུར་ཚད་ལ་གཞིགས་ནས་ཁོངས་མི་ཁག་ལ་བགོ་འགྲེམས་བྱེད་མཁན་ཡིན་ཞིང་། ཟླ་8ཚེས་23ཉིན་ནུས་པ་ཐོན་པའི་གཏན་འཁེལ་བྱས་པའི་ཁྲོད་གསར་དར་ཁྲོམ་ར་དང་འཕེལ་རྒྱས་འགྲོ་བཞིན་པའི་དཔལ་འབྱོར་སྒྲིག་གཞིར་ཨ་སྒོར་དུང་ཕྱུར་2750ཙམ་གྱི་རྒྱབ་སྐྱོར་འཐོབ་སྲིད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1