ལྗར་པན་དུ་བུད་མེད་དབུ་བཞུགས་བློན་ཆེན་ཐོན་སྲིད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 09-13



      ཟླ་9ཚེས་8ཉིན། ལྗར་པན་གྱི་དེ་སྔའི་སྤྱི་གཉེར་བློན་ཆེན་ཀའོ་ཧྲི་ཙའོ་མིའོ་ཡིས་རྒྱལ་ཚོགས་སུ་གསར་འགོད་པའི་ཚོགས་འདུ་ཐོག ཟླ་9པའི་ཟླ་མཇུག་ཏུ་འཚོག་རྒྱུ་ཡིན་པའི་རང་དབང་དམངས་གཙོ་ཏང་གི་སྤྱི་ཁྱབ་འདེམས་བསྐོ་ནི་དེ་སྔའི་ཕྱི་དོན་བློན་ཆེན་ཨན་ཐེན་ཝུན་ཞུང་གི་རྗེས་ཏང་ནང་གི་གྲོས་མི་20ཡིས་མཉམ་འབྲེལ་ཐོག་འོས་སྦྱོར་བྱས་པའི་སྤྱི་ཁྱབ་འདེམས་བསྐོའི་ནང་ཞུགས་པའི་འོས་མི་ངོ་མར་གྱུར་བ་དངོས་སུ་ཁྱབ་བསྒྲགས་བྱས། 
     ས་གནས་དེ་གའི་གླེང་ཕྱོགས་ལྟར་ན། ཀའོ་ཧྲི་ཙའོ་མེའོ་ནི་རང་དབང་དམངས་གཙོ་ཏང་ཕྱོགས་ཁག་གང་ལའང་མི་གཏོགས་མོད། འོན་ཀྱང་དེའི་ཆབ་སྲིད་འདུ་ཤེས་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་ཉེ་པོ་ཡོད་པས། ཨན་པེ་ཅིན་སན་གྱི་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། གལ་ཏེ་ཁོ་མོ་རང་དམངས་ཏང་གི་སྤྱི་ཁྱབ་ལ་བདམས་ཚེ་ལྗར་པན་ལ་བུད་མེད་དབུ་བཞུགས་བློན་ཆེན་ཐོག་མ་དེ་བྱུང་རྒྱུ་རེད། 
     དེ་སྔོན། འདེམས་བསྐོའི་ནང་ཞུགས་འདོད་ཡོད་པའི་ལྗར་པན་གྱི་སྲིད་འཛིན་སྒྱུར་བཅོས་ཀྱི་འགན་འཁུར་བློན་ཆེན་ཧོ་ཡེ་ཐའེ་ལང་དང་རང་དབང་དམངས་གཙོ་ཏང་གི་ལས་འཛིན་ངོ་ཚབ་ཡེ་ཐེན་ཧྲེང་ཙེ་ཡིས་ད་དུང་གྲོས་མི་20ཡི་མཉམ་འབྲེལ་འོས་སྦྱོར་བརྩོན་ལེན་བྱེད་བཞིན་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1