ད་ལོར། རང་ཁུལ་གྱིས་ཀྲུང་དབྱང་དང་ཞིང་ཆེན་ནས་ཞིང་སྡེའི་འཚོ་བའི་བཙོག་ཆུ་གཙང་སེལ་གྱི་མ་དངུལ་སྒོར་དུང་ཕྱུར1.72རག་ཐབས་བྱས་ནས། སྲིད་འཛིན་གྲོང་སྡེ545ཡི་བཙོག་ཆུ་གཙང་སེལ་བྱས་ཡོད་ལ། ཞིང་སྡེ57ལ་འཚོ་བའི་བཙོག་ཆུ་གཙང་སེལ་སྒྲིག་ཆས་ལེ་ལག་ཆ་སྒྲིག་བྱས་ཡོད་པ་དང་། ཉིན་རེའི་གཙང་སེལ་བྱེད་ཚད་ཏུན1140ལ་ཟིན་པ་རེད།
ཚེས7ཉིན་ལ། ཀྲེ་ཅང་ཐའེ་ཀྲོའུ་ལུའུ་ཆའོ་ཆུས་ཀྱིས་རོགས་རེས་བྱེད་ཡུལ་དཀར་མཛེས་རྫོང་གི་སློབ་མ་ལ་བརྩེ་སེམས་ཞལ་འདེབས་སྒོར་ཁྲི13རི་བའི་དངོས་ཟོག་བསྐྱལ་བ་རེད།
དཔལ་ཡུལ་རྫོང་གིས་སྒོར་ཁྲི7810བཏང་ནས་མི་བཟོས་ནགས་སྐྲུན་དང་རྨོས་བསྐྱུར་ནགས་སྤེལ་ས་མུའུ་ཁྲི14.85བཟོས་པ་དང་། ཤིང་ཕྲུག་ཁྲི177.6བཙུགས་པ། འགྲོ་ལམ་རྒྱ་ཁྱོན་ཁྲི16.96ལ་ལྗང་འགྱུར་བྱས་ཡོད།
ལྕགས་ཟམ་རྫོང་གིས་རྫོང་ཁོངས་སུ་སྟར་ཀ་བཙུགས་པའི་རྒྱ་ཁྱོན་མུའུ་ཁྲི7.74ལ་ཟིན་པ་དང་། རྫོང་ཡོངས་ཀྱི་སྟར་ཀ་སྐམ་པོའི་ལོ་རེའི་ཐོན་ཚད་ཏུན700ཡིན་ཞིང་། ཐོན་སྐྱེད་རིན་ཐང་སྒོར་ཁྲི3000ལྷག་ལོན་པ་དང་ཞིང་དུད9000ལྷག་གིས་སྟར་ཀ་བཙུགས་ཡོད།
ཚེས7ཉིན་ལ། རྟའུ་རྫོང་གིས་གྲོང་གསར་པ་རུ་ཡུལ་ཤོག་དང་གྲོང་རྡལ19ནས་ཡོང་བའི་མང་ཚོགས104ལ་ས་རྐོ་འཁོར་གྱི་ལག་རྩལ་གསོ་སྦྱོང་བྱས་ཤིང་། དགེ་རྒན་ཚོས་ས་རྐོ་འཁོར4སྤྱད་དེ་བཀོལ་སྤྱོད་བྱེད་སྟངས་ཁྲིད་པ་རེད།
དཀར་མཛེས་རྫོང་དཀར་མཛེས་གྲོང་རྡལ་སྲིབ་ངོ་སྡེ་ཁུལ་གྱི་ཡུལ་མི་ཚོས་ནས་རྔ་བཞིན་པའི་སྒང་རེད། ད་ལྟའི་མཐོ་སྒང་གི་ཞིང་ལས་ཐོན་སྐྱེད་ཀྱི་རྨོ་འདེབས་ཐད་ལ་ཕལ་ཆེར་འཕྲུལ་ཆས་ཅན་དུ་གྱུར་ཡོད།
ཉག་ཆུ་རྫོང་གིས་ཕྱོགས་མང་པོ་ནས་ཁེ་ལས་དང་ཞིང་སྡེ། སྤྱི་ཁུལ། སློབ་གྲྭ། ཁྱིམ་ཚང་བཅས་ལ་ཉེན་མེད་དྲིལ་བསྒྲགས་ལས་དོན་སྤེལ་ནས། དམངས་ཡོངས་ཀྱི་ཉེན་མེད་བྱང་ཚད་མཐོར་འདེགས་བཏང་བ་རེད།
འབའ་ཐང་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་དེ་ངས་མང་ཚོགས་ལ་དོན་དངོས་ཤིག་སྒྲུབ་ཅེས་པའི་བྱེད་སྒོ་སྤེལ་བ་རེད། ད་ཆའི་བར། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མང་ཚོགས་ལ་དོན་དངོས189བསྒྲུབས་ཡོད་ཤིང་། མང་ཚོགས་ཡི་རང་བྱེད་ཚད་བརྒྱ་ཆ100ཡིན་པ་རེད།
སྡེ་དགེ་རྫོང་ལམ་མདོ་ཡུག་ཤོག་མཛེས་པ་གྲོང་སྡེའི་མངའ་ཁོངས་སུ་ཐུ་བྷོད་ཀྱི་བྲག་བརྐོས་རི་མོ་བརྐོས་ཡོད་ས་གསུམ་རྙེད་པ་དང་། ལྷ་སྐུ8ཡོད་ཅིང་། ཡུལ་ཤོག་སྲིད་གཞུང་གནས་ས་ནས་བྱང་དུ་སྤྱི་ལེ2ཡས་མས་ཀྱི་གྲོང་སྡེའི་གཞུང་ལམ་འགྲམ་གྱི་བྲག་ངོས་སུ་ཡོད་པ་རེད།
ཉེ་ཆར། དཀར་མཛེས་ཁུལ་བོད་སྨན་ཁང་གིས་ཉིང་སྐྱུར་དཔེ་ལེན་ཁང་ཆུང་སྤྱད་དེ། བསྡུ་ལེན་གོ་རིམ་ཇེ་ལེགས་སུ་གཏོང་བ་དང་སྙན་སེང་དུས་ཚོད་ཇེ་མགྱོགས་སུ་བཏང་ནས། མང་ཚོགས་རྒྱ་ཆེན་གྱི་ཉིང་སྐྱུར་ཞིབ་བཤེར་བྱེད་འདོད་ཡོད་མཁན་ཚང་མ་བྱེད་ཐུབ་པའི་རེ་བ་བསྐངས་པ་རེད། སྒུལ་བདེའི་ཁང་ཆུང་གི་ཉིང་སྐྱུར་དཔེ་ལེན་ས་ཚུགས་དེ་ཚེས9ཉིན་ནས་བེད་སྤྱོད་བྱ་རྒྱུ་རེད།