ཕུའུ་ཅིང་གིས་ཨུ་རུ་སུ་སྲིད་གཞུང་གིས་དོན་རྐྱེན་འདིར་བརྟག་དཔྱད་བྱ་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-26



 
     ཞིན་ཧྭ་གསར་འགྱུར་ཁང་མོ་སི་ཁོ་ནས་ཟླ་9ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཉིན་དེར་པི་ཨེར་མུའུ་རྒྱལ་བཙུགས་སློབ་ཆེན་དུ་ཐོན་པའི་མེ་མདའ་བརྒྱབ་པའི་དོན་རྐྱེན་ནི་རྐྱེན་ལམ་དུ་ཤོར་མཁན་གྱི་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་སྐྱོ་གར་ཞིག་རེད། ཨུ་རུ་སུའི་ཁྲིམས་འཛིན་སྒྲིག་གཞིས་ནུས་ཤུགས་ཡོད་རྒུས་དོན་རྐྱེན་འབྱུང་རྐྱེན་རྩད་གཅོད་གསལ་པོ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། 
     ཨུ་རུ་སུའི་པི་ཨེར་མུའུ་རྒྱལ་བཙུགས་སློབ་ཆེན་དུ་ཚེས་20ཉིན་མེ་མདའ་བརྒྱབ་པའི་དོན་རྐྱེན་ཐོན་ནས་མེ་མདའ་རྒྱག་མཁན་བཀག་ཉར་བྱས་པ་རེད། ཨུ་རུ་སུའི་འཕྲོད་བསྟེན་པུས་དག་བཅོས་བྱས་རྗེས་ཀྱི་གྲངས་གཞི་ལས་མཚོན་པར་གཞིགས་ན། དོན་རྐྱེན་ནང་མི་6རྐྱེན་ལམ་དུ་ཤོར་བ་དང་མི་24ལ་རྨས་སྐྱོན་ཕོག་ཡོད་པ་རེད། དེ་སྔོན་གནས་ཚུལ་སྤེལ་ནས་དོན་རྐྱེན་ཁྲོད་མི་8རྐྱེན་ལམ་དུ་ཤོར་ཡོད་ཅེས་བརྗོད་ཡོད། 
     ཉིན་དེར་ཕུའུ་ཅིང་གིས་བརྙན་ལམ་ཐོག་ནས་ཨུ་རུ་སུའི་ཀྲུང་དབྱང་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཕ་མུའུ་ཧྥེ་ལུའོ་ཝ་དང་ཐུག་འཕྲད་བྱེད་སྐབས་སྲིད་གཞུང་གིས་དགོས་ངེས་ཀྱི་བྱ་ཐབས་མཐའ་དག་སྤྱད་ནས་མེ་མདའ་བརྒྱབ་པའི་དོན་རྐྱེན་ནང་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མི་དང་རྨས་སྐྱོན་ཕོག་མཁན་ལ་རོགས་རམ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། 
     ཨུ་པི་ཨེར་མུའུ་མཐའ་མཚམས་ཁུལ་སྲིད་གཞུང་གིས་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མི་དང་རྨས་མར་འཚམས་འདྲིའི་དངུལ་སྤྲོད་རྒྱུའི་བཀོད་སྒྲིག་ཁྱབ་བསྒྲགས་བྱས་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1