དགུན་དུས་ཨ་ཆེན་གངས་རྒྱབ་ཀྱི་རི་སྐྱེས་སྲོག་ཆགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 01-25


   དགུན་དུས་སུ། གཙོད་དང་འབྲོང་། རྐྱང་སོགས་མཐོ་སྒང་གི་སྲོག་ཆགས་རྣམས་ཀྱིས་ཨ་ཆེན་གངས་རྒྱབ་ཏུ་ཟས་འཚོལ་བཞིན་འདུག ཨ་ཆེན་གངས་རྒྱབ་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་4.5ཡོད་པ་དང་། ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4600ཡན་ཡོད་ཅིང་། འདི་རུ་རི་སྐྱེས་སྲོག་ཆགས་སྣ་མང་འཚོ་གནས་བཞིན་ཡོད། 2016ལོར། ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཧྲིལ་པོ་གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་དུ་བསྒྱུར་བ་ནས་བཟུང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་གྲུབ་ཆ་གལ་ཆེན་ཞིག་གྱུར་པ་རེད། 






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1