དཔལ་ཡུལ་རྫོང་གི་མཉམ་སྤྱོད་གློག་སྒུལ་འཕྲུལ་རྟ480ནགས་ཚལ་མེ་འགོག་སྐོར་བསྐྱོད་དྲིལ་བསྒྲགས་བྱེད་མཁན་དུ་གྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 01-29


        དཔལ་ཡུལ་རྫོང་ནགས་ཚལ་མེ་འགོག་རུ་ཁག་གིས་ཁྱེད་ལ་དྲན་སྐུལ་བྱས་དོན།མེ་ཟོན་དུས་སྐབས་སུ་ཐ་མག་འཐེན་པ་དང་བསང་གཏོང་བ་སོགས་ཕྱི་རོལ་དུ་ཁྲིམས་འགལ་གྱིས་མེ་སྤྱོད་མི་ཆོག། འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ་མེ་སྐྱོན་ཤོར་བ་ཡིན་ན་ཁྲིམས་ལྟར་བཅའ་ཁྲིམས་འགན་འཁྲི་བདའ་འདེད་གཏང་རྒྱུ་ཡིན། སྐད་ཆ་དུམ་བུ་འདི་ནི་ཉེ་ཆར་དཔལ་ཡུལ་རྫོང་གི་རྒྱ་ཆེའི་མང་ཚོགས་ཀྱིས་མཉམ་སྤྱོད་གློག་སྒུལ་འཕྲུལ་རྟ་སྤྱོད་སྐབས་མེ་ཟོན་ཉེན་མེད་ཀྱི་དྲན་སྐུལ་བརྡ་ཆ་ཞིག་ཡིན་པ་རེད།
        ད་སྔར། དཔལ་ཡུལ་རྫོང་གི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་གནས་བབ་ཛ་དྲག་ཆེན་པོ་ཡིན་ཞིང་། དམངས་ཡོངས་ཀྱི་མེ་འགོག་ཉེན་མེད་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏང་ཆེད།དཔལ་ཡུལ་རྫོང་ནགས་ཚལ་དང་རྩྭ་ཐང་མེ་གསོད་བཀོད་འདོམས་པུའུ་ཡི་གཞུང་ལས་ཁང་གིས་བྱེད་ཐབས་གསར་པ་སྤྱད་པ་དང་། དྲིལ་བསྒྲགས་སློབ་གསོའི་དཀའ་གནད་ལ་དམིགས་ཏེ་ཁོངས་གཏོགས་སུ་མཉམ་སྤྱོད་གློག་སྒུལ་འཕྲུལ་རྟ་སྟེགས་བུ་དང་འབྲེལ་མཐུད་མཐུན་སྦྱོར་ཧུར་ཐག་བྱེད་པ་དང་། མཉམ་སྤྱོད་གློག་སྒུལ་འཕྲུལ་རྟ་ལ་བརྟེན་ནས་མེ་ཟོན་ཉེན་མེད་དྲིལ་བསྒྲགས་བྱེད་པ། རྒྱབ་སྟེགས་བཀོལ་སྤྱོད་བྱེད་པར་བརྒྱུད།མེ་ཟོན་ཉེན་མེད་དྲན་སྐུལ་གྱི་སྐད་གདངས་མཉམ་སྤྱོད་གློག་སྒུལ་འཕྲུལ་རྟའི་ནང་བཅུག་ནས་རྩ་གཉིས་ཨང་རྟགས་བཤེར་སྐབས་འབྲེལ་ཡོད་ནང་དོན་གྱི་དྲན་སྐུལ་སྐད་གདངས་གཏོང་ཆོག་པ་རེད།
        ད་སྔར། རྫོང་ཡོངས་ཀྱི་མཉམ་སྤྱོད་གློག་སྒུལ་འཕྲུལ་རྟ480ཡི་སྐད་གདངས་དྲན་སྐུལ་སྤྱོད་འགོ་ཚུགས་པ་དང་།མེ་ཟོན་གྱི་སྐད་གདངས་དྲན་སྐུལ་དེ་རྫོང་གི་གྲོང་ཁུལ་གྱི་ཕྱོགས་གང་སར་ཁྱབ་བཞིན་ཡོད་ཅིང་།འབྱུང་རྩ་ནས་ཚད་ལྡན་མིན་པའི་བྱ་སྤྱོད་བཀག་འགོག་བྱས་པ།རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མེ་ཟོན་ལ་དོ་ཁུར་དང་།མེ་ཟོན་ལ་མཐོང་ཆེན།མེ་ཟོན་ནང་ཞུགས་པ་བཅས་བྱས་ནས་དམངས་ཡོངས་ཀྱི་མེ་ཟོན་གྱི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུའི་འབོད་སྐུལ་ཤུགས་ཆེན་བྱས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1