༄༅།།ལང་ཚོ་རྒྱས་དུས་ཀྱི་ཕོ་མོའི་འབྲེལ་འདྲིས་བྱེད་ཚུལ།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་དྲ་བ། སྤེལ་དུས། 02-17


ལང་ཚོ་རྒྱས་དུས་ནི་མིའི་རང་གཤིས་ལྷུན་ཆགས་སུ་གྲུབ་པའི་དུས་སྐབས་ཤིག་ཡིན་ལ། སེམས་ཁམས་རིག་པའི་ཞིབ་འཇུག་ལས་མངོན་པ་ལྟར་ན། ཐུན་མོང་གི་ཚོགས་པའི་ཁྲོད་གནས་པའི་མི་སྒེར་ཞིག་ལ་མཚོན་ན། འབྲེལ་འདྲིས་བྱེད་པའི་ཁྱབ་ཁོངས་ཇི་ལྟར་རྒྱ་ཆེ་ན་འཚོ་བའི་ཁྲོད་དེ་ལྟར་འབྲེལ་འདྲིས་སྣ་ཚོགས་བྱེད་དགོས་པས། སྤྱི་ཚོགས་ཀྱི་འབྲེལ་བ་སོ་སོར་ངོས་འཛིན་བྱུང་ཚད་ཟབ་པའི་ཁར། ལྟ་རྒྱ་ཐོས་རྒྱ་ཡང་དེ་བཞིན་ཕུན་སུམ་ཚོགས་ཤིང་། བསམ་པའི་བློ་ཁོག་ཡངས་པའི་མི་གཤིས་བཟང་པོའང་གྲུབ་ཐུབ་པ་རེད། ཕོ་མོ་སུ་ཞིག་ཡིན་རུང་རང་དང་མཚན་མཐུན་གྱི་གྲོགས་པོ་གཅིག་རེར་འབྲེལ་བ་བྱེད་པ་ལས་མཚན་མཐུན་གྱི་གྲོགས་པོ་མང་པོར་འབྲེལ་འདྲིས་བྱེད་པ་དང་། ཡང་ན་ཕོ་མོ་ཕན་ཚུན་འབྲེལ་འདྲིས་མང་དུ་བྱས་ན་མི་གཤིས་སྔར་བས་ཕུན་སུམ་ཚོགས་པོར་གཏོང་ཐུབ། ཕོ་མོའི་བར་གྱི་འབྲེལ་འདྲིས་ནི་མིའི་འབྲེལ་འདྲིས་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཡིན།

ཕོ་མོའི་འབྲེལ་བ་དང་མཛའ་བརྩེ་ནི་མི་རྣམས་ཀྱི་འཚོ་བའི་དགོས་ངེས་ཀྱི་ཆ་ཤས་ཤིག་ཡིན། ཡིན་ཡང་ཕོ་མོའི་བར་གྱི་འབྲེལ་བ་ནི་མི་རྣམས་ཀྱི་དགོས་མཁོ་དང་འབད་བརྩོན་ལ་རག་ལས་ཡོད། ཕོ་མོ་ཕན་ཚུན་ལ་གྲོགས་པོ་སྒྲིག་པ་དང་འབྲེལ་བ་ཇེ་ལེགས་སུ་གཏོང་བར་སྤྱིར་བཏང་གི་ཆོས་ཉིད(མཛའ་གྲོགས་ཀྱི་དགོས་པ་གསུམ་སྟེ། གྲོགས་པོའི་ཆེད་དུ་གྲོགས་པོར་སེམས་པ་རྣམ་དག་དང་ཡིད་ཆེས་བྱེད་པ། བརྩི་བཀུར་བྱེད་པ)བརྩི་སྲུང་བྱེད་དགོས་པ་ཕུད། ད་དུང་དམིགས་བསལ་གྱི་རེ་བ་འགའ་རེ་ཡོད་དེ།

དང་པོ། སྒྲུབ་ཕོད་པའི་སེམས་ཁམས། དེ་ནི་ཕོ་མོ་ཕན་ཚུན་བར་འགྲོ་འོང་དང་འབྲེལ་འདྲིས་བྱེད་ཕོད་པ་ལ་ཟེར།

གཉིས་པ། འདྲིས་སླ་བའི་སེམས་ཁམས། དེ་ནི་ཕོ་མོ་ཕན་ཚུན་བར་འགྲོ་འོང་བྱེད་མཁས་པོ་དང་གྲོགས་པོ་སྒྲིག་མཁས་པོ་ལ་བསྟན་པ་ཡིན། ཕོ་མོ་བར་གྱི་འབྲེལ་འདྲིས་ཀྱི་སེམས་ཁམས་ནི་ཕོ་མོ་བར་གྱི་འབྲེལ་འདྲིས་ཀྱི་ལག་ལེན་དང་མཉམ་དུ་འཕེལ་རྒྱས་བྱུང་བ་ཡིན་པས། “རང་བཞིན”དང“འོས་འཚམ”བྱ་རྒྱུ་ནི་དགོས་གལ་ཤིན་ཏུ་གལ་ཆེའོ། །

རང་བཞིན་ཟེར་བ་ནི་ཕོ་མོ་ཕན་ཚུན་འབྲེལ་འདྲིས་བྱེད་སྐབས་དོགས་མི་བདེ་བའི་ཚོར་སྣང་མེད་པར་བཟོས་ནས། འབྲེལ་འདྲིས་ཁྲོད་མཛའ་བརྩེ་མི་བསམ་པའི་དྲན་ཚུལ་ཡ་མ་བརླ་ཡོད་མི་རུང་བར། རང་དང་མཚན་མཐུན་གྱི་མི་ཞིག་ལ་གྲོགས་པོ་བསྒྲིགས་པ་ལྟ་བུའི་ངང་ཚུལ་བཟུང་ནས། བཤད་དགོས་པའི་སྐད་ཆ་བཤད་པ་དང་སྒྲུབ་དགོས་པའི་བྱ་བ་སྒྲུབ་པ། གསང་དགོས་པའི་དོན་གང་ཡིན་པ་བཅས་གསལ་པོར་ཤེས་དགོས་པར་མ་ཟད། བརྗེ་རེས་བྱེད་དགོས་པའི་བརྩེ་དུང་བརྗེ་རེས་བྱེད་དགོས།

འོས་འཚམ་ཟེར་བ་ལ་གོ་དོན་གཉིས་ཡོད་དེ། གཅིག་ནི་ཕོ་མོ་ཕན་ཚུན་འབྲེལ་འདྲིས་བྱེད་སྟངས་དེ་མཐའ་འཁོར་གྱི་མི་རྣམས་ཀྱིས་དང་ལེན་བྱེད་ཐུབ་པ་ཞིག་ཡིན་པ་དང་། གཉིས་ནི་ཕོ་མོ་ཕན་ཚུན་བར་རྒྱུན་ལྡན་གྱི་འབྲེལ་འདྲིས་བྱེད་པ་ལས་མཛའ་བརྩེ་ལས་བརྒལ་བའི་བྱ་སྤྱོད་ཡོད་མི་རུང་།

ཕོ་མོའི་བར་གྱི་འབྲེལ་བ་ཇི་ལྟར་ཐག་གཅོད་བྱེད་པར་སློབ་སྦྱོང་བྱེད་དགོས་པར་མ་ཟད། ད་དུང་དུས་ཡུན་རིང་པོའི་འཚོ་བའི་ལག་ལེན་ཁྲོད་སློབ་སྦྱོང་ཟམ་མི་ཆད་པ་བྱེད་དགོས། ཁེངས་སྐྱུང་དང་དོ་སྣང་བྱེད་ཤེས་པའི་མི་ཞིག་ཡིན་ཚེ་ད་གཟོད་འཚོ་བའི་ཤེས་བྱ་རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བ་དང་། འཚོ་བའི་ཁྲོད་དུ་སྔར་བས་རང་དབང་ཐོབ་ཐུབ་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1