༄༅།། འབྲིང་བ་བཀྲ་ཤིས་དོན་གྲུབ་ཀྱི་རི་མོའི་བརྩམས་ཆོས་བདམས་བཀོད།

དོན་གྲུབ་ཆོས་སྒྲོན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-28



དོན་གྲུབ་ཆོས་སྒྲོན།

        འབྲིང་བ་བཀྲ་ཤིས་དོན་གྲུབ་ནི་1987ལོར་རྨ་ཆུའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས། སློབ་གྲྭ་ཆུང་འབྲིང་ཆེ་གསུམ་གྱི་སྒོ་ཐེམ་འགྲིམ་རྗེས། 2013ལོར་འགྲོ་ཕྱོགས་ཙམ་གྱིས་གཞུང་ཞབས་ཀྱི་ལས་ཀར་ཞུགས། 2014ལོར་རང་དབང་གི་འཚོ་བ་ཞིག་གམ་ཡང་ན་དགའ་ཕྱོགས་ཀྱི་དབང་གིས་དབུས་སུ་སོང་ནས་ཁ་དོག་བསྟན་པ་རབ་བརྟན་མཆོག་མགོན་གྱི་བླ་མར་བསྟེན་ནས་ལོ་ངོ་བདུན་ཙམ་གྱི་རིང་ལ་སྨན་ལུགས་ཀྱི་ཐང་གར་སློབ་གཉེར་གང་ནུས་བྱས། 2019ལོར་མཐར་ཕྱིན་འབྲས་རྟགས་སུ《དགའ་ལྡན་ལྷ་བརྒྱ་མ》ཕུལ་ཏེ་མཐར་ཕྱིན་པའི་བཟོ་བྱས། 2021ལོར་རྨ་བྱ་རྟགས་མའི་རྒྱལ་ཡོངས་མཛེས་རྩལ་འགྲན་བསྡུར་ཁྲོད་གསེར་གྱི་བྱ་དགའ་ཐོབ། 2021ལོར《འབྲོག་གི་རྟེན་གཞི》ཞེས་པའི་བརྩམས་ཆོས་དེ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་མཆོག་ལ་གཟིགས་རྟེན་དུ་ཕུལ། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1