༄༅། །འབྲུག་མོ་རྒྱལ་གྱི་ཐང་ཀའི་བརྩམས་ཆོས་བདམས་བཀོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-03


བུད་མེད་ལྷ་རིས་པ་འབྲུག་མོ་རྒྱལ་གྱི་ཐང་ཀའི་བརྩམས་ཆོས་བདམས་བཀོད།
        འབྲུག་མོ་རྒྱལ་ནི་མདོ་སྨད་ཁྲི་ཀའི་ཡུལ་ནས་འཚར་ལོངས་བྱུང་ཞིང་། 2012ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སློབ་གླིང་གི་ལྷ་རིས་སྒྱུ་རྩལ་འཛིན་གྲྭར་ཞུགས་ཏེ། དགེ་རྒན་ཤ་བོ་ཚེ་རིང་དང་པད་གོ་སོགས་ཀྱི་དྲུང་དུ་བོད་ཀྱི་ཐང་གའི་གཞུང་ལུགས་དང་ལག་ལེན་ཐད་དུ་ཐོས་བསམ་ལྷུར་ལེན་བྱས་པ་དང་ཆབས་ཅིག་ཏུ། ནུབ་ལུགས་དང་ཀྲུང་གོའི་སྲོལ་རྒྱུན་རི་མོའི་ཕྱོགས་ལའང་སྦྱོང་པ་མང་དུ་བྱས། 2015ལོའི་ཟླ་6པར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་རུ་མི་ལོ་ལྔའི་སྒྱུ་རྩལ་གྱི་ལམ་བུ་ཞེས་པའི་མི་སྒེར་གྱི་རི་མོའི་འགྲེམ་སྟོན་གྱི་མཛད་སྒོ་སྤེལ། ཁོ་མོའི་བརྩམས་ཆོས་ལ་རྒྱལ་ཁབ་རིམ་པའི་བྱ་དགའ་དང་ཞིང་ཆེན་རིམ་པའི་བྱ་དགའ། དེ་ལས་གཞན་པའི་བྱ་དགའ་ཡང་མང་དུ་ཐོབ་མྱོང་། རང་ཉིད་ཀྱི་མི་ཚེ་ནི་སྒྱུ་རྩལ་ལ་བསྟུམ་ཞིང་སྒྱུ་རྩལ་ནི་མི་ཚེ་འདིའི་མཛེས་སྡུག་དང་རིན་ཐང་རུ་རློམ་ཡོད། 

འཇམ་པའི་དབྱངས།

སྒྲོལ་དཀར།

རྣམ་ཐོས་སྲས།

རྣམ་ཐོས་སྲས།

འཇམ་པའི་དབྱངས།

སྟོན་པའི་མཛད་པ་དགུའི་ནང་གསེས་གཅིག


དཔལ་ལྡན་ལྷ་མོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1