ན་ནིང་དབུལ་སྒྲོལ་ས་ཁུལ་གྱི་ཞིང་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དུས་མཚུངས་ལས་11.6%འཕར་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 03-30


        ■2021ལོར་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་མི་འབོར་གྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་12550ཟིན་པ་དེ་དུས་མཚུངས་ལས་སྒོར་1810འཕར་ནས་འཕར་ཚད་16.9%ཟིན་པ་དང་། དབུལ་སྒྲོལ་ས་ཁུལ་གྱི་ཞིང་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14051ཟིན་པ་དེ་དུས་མཚུངས་ལས་སྒོར་1463འཕར་ནས་འཕར་ཚད་11.6%ཟིན་ཡོད།
        ■2021ལོར་ནུབ་རྒྱུད་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)10རུ་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་160གཏན་འཁེལ་བྱས་པ་དང་རྒྱལ་ཁབ་ཀྱི་ཕྱོགས་ནས་གཟིགས་སྐྱོང་རྒྱབ་སྐྱོར་སྲིད་ཇུས་14བཏོན་ཡོད།
        འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་གསར་འགོད་པས་རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2021ལོར་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་མི་འབོར་གྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་12550ཟིན་པ་དེ་དུས་མཚུངས་ལས་སྒོར་1810འཕར་ནས་འཕར་ཚད་16.9%ཟིན་པ་དང་། དབུལ་སྒྲོལ་ས་ཁུལ་གྱི་ཞིང་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14051ཟིན་པ་དེ་དུས་མཚུངས་ལས་སྒོར་1463འཕར་ནས་འཕར་ཚད་11.6%ཟིན་པ། དབུལ་སྒྲོལ་མི་འབོར་གྱི་ཡོང་འབབ་དང་དབུལ་སྒྲོལ་ས་ཁུལ་གྱི་ཞིང་པའི་ཡོང་འབབ་འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཞིང་པ་མི་རེའི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་6.4དང་1.1སོ་སོར་མཐོ་བ་ཡོད་པ་རེད།
        ས་གནས་ཁག་གིས་དབུལ་ལོག་སྔོན་འགོག་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། དབུལ་པོར་འགྱུར་སླ་བའི་དུད་ཚང་དང་གློ་བུར་དུ་དཀའ་ངལ་ཚབས་ཆེན་འཕྲད་པའི་དུད་ཚང་ལ་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་ཐེ་གཏོགས། སྔ་ཙམ་རོགས་སྐྱོར་བཅས་བྱེད་དགོས། རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་ཀྱི་གྲངས་གཞི་ལས་མངོན་པར། མིག་སྔར་ལྟ་ཞིབ་ཚད་ལེན་བྱ་ཡུལ་70%ཙམ་གྱི་ཉེན་ཁ་བསལ་བ་དང་དེ་བྱིངས་མི་སྣ་ཚང་མར་རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་བྱས་པ་དང་དུས་ཚོད་ངེས་ཅན་ཞིག་འབད་བརྩོན་བྱས་པ་བརྒྱུད་ཉེན་ཁ་སེལ་ཐུབ་པ་བྱ་རྒྱུ་རེད།
        2021ལོར་ནུབ་རྒྱུད་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)10རུ་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་160གཏན་འཁེལ་བྱས་པ་དང་རྒྱལ་ཁབ་ཀྱི་ཕྱོགས་ནས་གཟིགས་སྐྱོང་རྒྱབ་སྐྱོར་སྲིད་ཇུས་14བཏོན་ཡོད་པ་རེད། སྤྱིའི་ཆ་ནས་བལྟས་ན། 2021ལོར་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་གཞི་ཁྱོན་ཅན་གྱི་དབུལ་ལོག་མི་ཡོང་བའི་མཐའ་ཚད་བརྟན་སྲུང་ཐུབ་ཡོད། མིག་སྔའི་བར་གཙོ་གནད་རོགས་སྐྱོར་བྱ་ཡུལ་རྫོང་160ཡི་མི་རེའི་ཆ་སྙོམས་GDPདང་མི་རེའི་ཆ་སྙོམས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་40%དང་20%སོ་སོར་ཟིན་ཡོད་པ་རེད།
        གོམ་སྟབས་རྗེས་མར་གྲོང་གསེབ་དར་རྒྱས་ཀྱི་རིམ་ཁག་ཚན་པས་གཙོ་གནད་རྫོང་160ལས་ཀའི་གཙོ་གནད་ལ་བརྩིས་ནས་འཆར་འགོད་བཟོ་བ་དང་། སྲིད་ཇུས་འདོན་པ། ཐོན་ཁུངས་བཀོད་གཏོང་། ལས་དོན་བཀོད་སྒྲིག་བཅས་ཀྱི་ཐད་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱས་ཏེ་གཙོ་གནད་རྫོང་160ལ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་གཙོ་གནད་ཐོག་རྒྱབ་སྐྱོར་བྱ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1