ཁམ་བུ་མེ་ཏོག་གི་སྦས་ལུང་། གནས་མཆོག་རྫོང་རྩ་གྲོང་རྡལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 04-18


ཁམ་བུ་མེ་ཏོག་གི་སྦས་ལུང་། གནས་མཆོག་རྫོང་རྩ་གྲོང་རྡལ།

རྫོང་རྩ་གྲོང་རྡལ་ནི་འབའ་ཐང་རྫོང་གི་ཤར་རྒྱུད་དུ་གནས་ཡོད་ཅིང་། ས་བབ་དམའ་བའི་རོང་ཁུལ་ཞིག་ཡིན་ལ། གནམ་གཤིས་དྲོ་གྲང་སྙོམས་པ་དང་ཆར་ཆུ་འབེལ་བ། རི་ཀླུང་མཛེས་ཤིང་ཐོན་ཁུངས་ཕུན་སུམ་ཚོགས་པས་གནས་མཆོག་ལྷའི་ཞིང་ཁམས་ཞེས་མཚན་སྙན་ཡོད་པ་རེད།

ཁམ་བུ་མེ་ཏོག་གི་སྦས་ལུང་། གནས་མཆོག་རྫོང་རྩ་གྲོང་རྡལ།

ཁམ་བུ་མེ་ཏོག་གི་སྦས་ལུང་། གནས་མཆོག་རྫོང་རྩ་གྲོང་རྡལ།

ཁམ་བུ་མེ་ཏོག་གི་སྦས་ལུང་། གནས་མཆོག་རྫོང་རྩ་གྲོང་རྡལ།

རྒྱལ་སྲུང་གཞུང་ལམ215པའི་ལམ་ཐིག་རྒྱུད་ཀྱི་འབའ་ཐང་རྫོང་གི་རྫོང་རྩ་གྲོང་རྡལ་ལ་ཁམ་བུའི་ཤིང་སྡོང་གི་སྐྱེད་ཚལ་ཟེར་ནའང་འཕྱུག་པ་གཏན་ནས་མེད། དཔྱིད་དུས་ནི་སྔར་དང་མི་མཚུངས་པའི་མཛེས་སྡུག་དང་བདེ་སྐྱིད་ཀྱི་ལྗང་མདོག་གིས་ཡོངས་སུ་ཕྱུག །བསྟུད་མ་ཉིན་ཤས་རིང་ལ་ཆར་པ་བབས་ནས་རི་ཀླུང་ལ་མཛེས་རྒྱན་སྤྲས་ཤིང་། སྐྱེ་དངོས་དང་སྲོག་ཆགས་འབུམ་ཕྲག་གི་ཚེ་སྲོག་གསར་པར་གསོན་ཤུགས་སྔར་ན་མེད་པ་ཞིག་སྦྱིན་པ་དང་ཆབས་ཅིག་མི་རྣམས་ལ་རེ་བ་ཆེན་པོ་སྩོལ་བཞིན་ཡོད་པ་རེད། གནས་མཆོག་འདིར་ཕེབས་ཤོག །ས་ཁྱོན་མུའུ་སྟོང་གི་ཁམ་བུའི་རྟེན་གཞིར་དཔྱིད་དབྱར་གཉིས་ཀར་མེ་ཏོག་གིས་ལྟད་མོ་མིག་ལ་མཛེས་པ་དང་སྟོན་དགུན་གཉིས་ལ་འབྲས་བུ་མངར་མོའི་ཞིམ་བཅུད་ཉམས་སུ་མྱོང་ཆོག་ཆོག་ཡིན་པ་རེད། །༼འབའ་ཐང་རྫོང་འཕྲིན་སྦྱོར་ཀུན་འདུས་ཀྱིས་པར་མཁོ་འདོན་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1