ཉི་ནུས་གནམ་གྲུ་ཡིས་འཛམ་གླིང་བསྐོར་བའི་འཕུར་བསྐྱོད་ཀྱི་འགོ་བརྩམས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-11


2015ལོའི་སྤྱི་ཟླ་3པའི་ཚེས་9ཉིན།  ཉི་འོད་སྒུལ་ཤུགས་ཨང་རྟགས་2པ་ཞེས་པའི་ཉི་ནུས་གནམ་གྲུ་དེ་ཨ་རབ་ཀྱི་རྒྱལ་ས་ཨབ་དྷ་པེ་ནས་འཕུར་འགོ་བརྩམས་ཏེ་འཛམ་གླིང་བསྐོར་བའི་འཕུར་སྐྱོད་ཀྱི་འགོ་དངོས་སུ་བརྩམས།

དབྱིན་ཇིའི་རྒྱང་བསྒྲགས་སྤྱི་གཉེར་ཁང་ (BBC)ནས་གནས་ཚུལ་སྤེལ་བ་ལྟར་ན།   སྤྱི་ཟླ་3པའི་ཚེས་9ནས་བཟུང་ཨ་རབ་ཀྱི་རྒྱལ་ས་ཨབ་དྷ་པེ་རུ་འཛམ་གླིང་གི་ཉི་ནུས་གནམ་གྲུ་ཐོག་མ་ཉི་འོད་སྒུལ་ཤུགས་ཨང་རྟགས་2པ་འཕུར་བསྐྱོད་ཀྱི་འགོ་བརྩམས་ཤིང་།  ཟླ་བ་5ལྷག་རིང་གི་འཛམ་གླིང་བསྐོར་བའི་འཕུར་བསྐྱོད་བྱ་རྒྱུ་རེད།  དུས་རབས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་འཕུར་བསྐྱོད་འདིས་ནུས་ཁུངས་སྲུང་སྐྱོང་གི་ལོ་རྒྱུས་གསར་པ་ཞིག་བསྐྲུན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1