རྔ་བ་རུ་འཛམ་གླིང་གི་ཆེས་ཐོག་མའི་མཐོ་སྒང་སྐྱེ་ཁམས་རྣམ་པའི་ཉི་ནུས་གློག་འདོན་ས་ཚིགས་འཁོར་བསྐྱོད་བྱས།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-11


       ཉེ་ཆར།   སྤྱིའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་20MWཡིན་པའི་རྔ་བ་ཁུལ་ཧུང་ཡོན་རྫོང་མེ་ཏོག་མཚོ་ཉི་ནུས་གློག་འདོན་ས་ཚིགས་ཀྱིས་གློག་དྲ་འཁོར་བསྐྱོད་བྱས་ཡོད་ཅིང་། དེ་ནི་རང་རྒྱལ་ཙམ་དུ་མ་ཟད། འཛམ་གླིང་གི་ཆེས་ཐོག་མའི་མཐོ་སྒང་གི་སྐྱེ་ཁམས་འཁོར་བསྐྱོད་རྣམ་པའི་ཉི་ནུས་གློག་འདོན་ས་ཚིགས་ཤིག་ཡིན་ལ། གློག་འདོན་ས་ཚིགས་འདིར་ནུས་མཐོའི་ཚན་རྩལ་བེད་སྤྱོད་བྱས་ཡོད་ཅིང་། མཐོ་སྒང་གི་དེང་རབས་ཕྱུགས་ལས་ཀྱི་ཕྱོགས་བསྡུས་གསར་སྤེལ་གྱི་ཐད་དུ་བེད་སྤྱོད་བྱ་རྒྱུ་དང་ཁོར་ཡུག་སྲུང་སྐྱོབ་བྱས་ཏེ། བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཛུགས་སྐྲུན་འཕེལ་རྒྱས་ལ་སྔར་ལས་ལྷག་པའི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1