སྤྱི་ཟླ་3པའི་ཚེས་10ཉིན། 2015ལོའི་སི་ཁྲོན་ཞིང་ཆེན་གྱི་རིག་གནས་ཚན་རྩལ་འཕྲོད་བསྟེན་ཏེ་གཤམ་སྤེལ་གསུམ་གཞི་རིམ་དུ་བསྐྱོད་པ་ཞེས་པའི་དམངས་ཕན་བྱེད་སྒོ་ཧུང་ཡོན་རྫོང་ཨ་མཆོག་གྲོང་རྡལ་ཧུ་ར་མ་གྲོང་སྡེ་རུ་སྤེལ་ཞིང་། སི་ཁྲོན་གྱི་ས་ཆ་ལ་ལུང་ནས་ཕེབས་པའི་རིག་རྩལ་བ་དང་སྨན་པ། ཁྲིམས་ལུགས་ལས་སྒྲུབ་པ་སོགས་ཀྱིས་ས་གནས་སློབ་གྲྭ་རུ་ཧུང་ཡོན་རྫོང་གི་མང་ཚོགས་ལ་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་དང་དམངས་ཕན་བྱེད་སྒོ་གྱ་ནོམ་པ་སྤེལ་ཡོད། བྱེད་སྒོ་སྤེལ་ཡུལ་དུ་ཁྱབ་ཁོངས་སོ་སོའི་ལས་སྒྲུབ་མི་སྣ་ཚོས་ལྷག་བསམ་རྣམ་དག་གིས་རང་རང་གི་དམངས་ཕན་ལས་དོན་ཧུར་ཐག་གིས་བསྒྲུབས་ཡོད་ཅིང་། ས་གནས་མང་ཚོགས་ཀྱིས་དགའ་བསུ་ཚད་མེད་ཐོབ་ཡོད། །