རྒྱུགས་སྤྲོད་གྲ་སྒྲིག་ལེགས་པོ་བྱས་ནས་སློབ་མའི་གནོན་ཤུགས་ཆུང་དུ་གཏོང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 06-07


  

        མཐོ་རྒྱུགས་དང་ཐག་ཇེ་ཉེར་སོང་བ་དང་བསྟུན་ནས་ལྷ་ས་གྲོང་ཁྱེར་པེ་ཅིང་ཚོད་ལྟའི་སློབ་འབྲིང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབས་པའི་ཁར། གོ་རིམ་ལྡན་པའི་ངང་མཐོ་རྒྱུགས་ཀྱི་གྲ་སྒྲིག་ལེགས་པོ་བྱས་ཡོད། དུས་མཚུངས་སུ་སློབ་གྲྭས་སློབ་མའི་གནོན་ཤུགས་ཆུང་གཏོང་གི་འཆད་ཁྲིད་དང་། མཉམ་འགུལ་རོལ་རྩེད་སོགས་བྱེད་སྒོ་སྤེལ་ནས་རྒྱུགས་སྤྲོད་སློབ་མའི་གནོན་ཤུགས་སེལ་རོགས་དང་། སློབ་སྦྱོང་བྱེད་སྟངས་སྙོམས་སྒྲིག་བྱས་ཏེ་རྒྱ་ཆེའི་སློབ་མ་ཚོས་རྣམ་པ་ལེགས་པོའི་ཐོག་ནས་མཐོ་རྒྱུགས་སྤྲོད་ཐུབ་རྒྱུར་རོགས་རམ་བྱས་པ་རེད། འདི་ནི་ལྷ་ས་གྲོང་ཁྱེར་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་སློབ་མ་ཚོས་མཐོ་རྒྱུགས་གྲ་སྒྲིག་བྱེད་བཞིན་པའི་གནས་ཚུལ་ཡིན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1