མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ནང་གི་ཁྲུང་ཁྲུང་སྐེ་ནག་གི་བདེ་སྐྱིད་འཚོ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 06-09


  

        ཟླ6པའི་ཚེས5ཉིན་ནི་འཛམ་གླིང་ཁོར་ཡུག་ཉིན་མོ་ཡིན་ཞིང་། ཉིན་དེར་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་གནས་ཚུལ་དངོས་མཚོན་པའི་གློག་བརྙན་ཆེ་གྲས《ཁྲུང་ཁྲུང་སྐེ་ནག་གི་འཚར་ལོངས་ཟིན་ཐོ》ཞེས་པ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིCCCTV-9འཕྲིན་ལམ་དུ་བསྟན་པ་དང་། དངོས་མཚོན་གློག་བརྙན་དེ་ནི་མཚོ་སྔོན་ཞིང་ཆེན་གྱི་ས་གནས་པར་བས་རང་ཚུགས་ཀྱིས་གསར་རྩོམ་བྱས་པ་ཞིག་ཡིན་ལ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་བརླན་སར་འཚོ་སྡོད་བྱེད་པའི་ཁྲུང་ཁྲུང་སྐེ་ནག་གི་ཕ་ཡུལ་གཙོ་བོར་བཟུང་ནས། ཁྲུང་ཁྲུང་སྐེ་ནག་གཉིས་དང་དེ་གཉིས་ཀྱི་བྱ་ཕྲུག་གཉིས་འཚར་ལོངས་བྱུང་བའི་གནས་ཚུལ་དངོས་བཀོད་ཡོད། 

 

        ཤེས་གསལ་ལྟར་ན། ཁྲུང་ཁྲུང་སྐེ་ནག་དེ་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་ཁྲི1ལྷག་ལས་མེད་པས། དེ་ནི་འཛམ་གླིང་ཐོག་མཐོང་དཀོན་པ་དང་རྩ་ཆེན་ཡིན་པའི་ཁྲུང་ཁྲུང་གི་རིགས་ཤིག་རེད། ཁྲུང་ཁྲུང་སྐེ་ནག་ནི་ཀྲུང་གོའི་མཚོ་བོད་མཐོ་སྒང་དུ་དམིགས་བསལ་དུ་ཡོད་པའི་མཐོ་སྒང་གི་འདབ་ཆགས་ཤིག་ཡིན་པ་མ་ཟད། མཐོ་སྒང་སུ་འཚོ་བ་སྐྱེལ་མཁན་གྱི་ཁྲུང་ཁྲུང་རིགས་གཅིག་པུ་ཡིན། ལོ་རེའི་དཔྱིད་མགོ་ཚུགས་དུས་སུ་ཁྲུང་ཁྲུང་སྐེ་ནག་ཆིག་སྟོང་ཙམ་བོད་ལྗོངས་ཉིང་ཁྲིའི་ཧི་མ་ལ་ཡའི་རོང་སའི་དགུན་སྒྲོལ་བྱ་ཡུལ་ནས་མཚོ་སྔོན་མངའ་ཁོངས་ཀྱི་འདམ་ར་བརླན་ས་དང་མཚེའུ་ཡི་གྲམ་ཐང་དུ་གནས་སྤོར་བ་མ་ཟད། མཐོ་སྒང་གི་དུས་ཐུང་བའི་དབྱར་དུས་སུ་འཁྲིག་སྦྱོར་དང་ཚང་བཟོ། སྒོང་གསོ། ཕྲུ་གུ་གསོ་བའི་འཚོ་བ་སྐྱེལ་སྟངས་བཅས་ལེགས་འགྲུབ་བྱུང་།  

  


        1990ལོར་ཁྲུང་ཁྲུང་སྐེ་ནག་དེ་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་བྱ་རིགས་ལ་གཏན་འཁེལ་བྱས་པ་རེད། ། 

  

  

  

  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1