ད་ལོར་དཀར་མཛེས་ཁུལ་གྱི་སློབ་མ8063མཐོ་རྒྱུགས་ལ་ཞུགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 06-09



ད་ལོར་རང་ཁུལ་གྱི་སློབ་མ8063མཐོ་རྒྱུགས་ལ་ཞུགས། 

དབྱར་མགོ་མའི་དྲོད་འཇམ་དང་འགྲོགས་ནས་ཡང་ལོ་གཅིག་གི་མཐོ་རྒྱུགས་ཀྱི་དུས་ལ་སླེབས་སོང་། མཐོ་རྒྱུགས་སྤྲོད་མཁན་སློབ་མ་ཚོ་ལ་མཚོན་ན་མི་ཚེའི་བགྲོད་ལམ་ཡར་འགྲོ་མར་འགྲོ་རྟ་ཁ་སྲབ་ཀྱིས་བསྒྱུར་བ་ལྟ་བུའི་གནད་འགག་གི་དུས་རིམ་ཞིག་ཏུ་སླེབས་པ་རེད། 

སྤྱི་ཟླ6པའི་ཚེས6ཉིན་ཏེ་གཟའ་སྐར་འཕྲོད་སྦྱོར་བཟང་བའི་ཉིན་གྱི་ཉིན་གུང་ལ། དར་མདོ་སློབ་འབྲིང་གི་ར་བའི་ནང་དུ་སྦྲང་ཆར་བསིལ་མའི་དངོས་གྲུབ་བཟང་པོ་དང་འགྲོགས་ནས་དར་མདོའི་རྒྱུགས་གནས་སུ་མཐོ་རྒྱུགས་ལ་ཞུགས་པའི་སློབ་མ་ཚོས་རང་རང་གི་རྒྱུགས་རར་རྒྱུས་ལོན་བྱས་ཤིང་། སྤྱི་ཚེས7ཉིན་མོར་མཐོ་རྒྱུགས་ལ་དངོས་སུ་ཞུགས་པ་རེད། 

གསར་འགོད་པས་ཁུལ་རྒྱུགས་སྤྲོད་སློབ་བསྡུའི་ཨུ་ལྷན་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོར་དཀར་མཛེས་ཁུལ་ལ་མཐོ་རྒྱུགས་ནང་མིང་ཐོ་འགོད་མཁན་གྱི་རྒྱུགས་ཞུགས་སློབ་མ8063ལ་ཟིན་ཡོད། དེ་ནི་ན་ནིང་ལས་རྒྱུགས་ཞུགས་སློབ་མ556མང་དུ་ཕྱིན་ཡོད་པ་རེད། ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར་ཁག་ཏུ་མཐོ་རྒྱུགས་ཀྱི་རྒྱུགས་གནས9དང་། རྒྱུགས་ར216བཙུགས་ཡོད་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1