ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 06-20



ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ། 


        《སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་བརྒྱད་པའི་སྐོར་གཟིགས་ཀྱི་དངུལ་རྩའི་ཚན་པའི་དག་ཐེར་འཕེལ་རིམ་གནས་ཚུལ་སྐོར་གྱི་སྙན་ཞུར》གྲོས་ཞིབ་བྱས་པ། 


        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་17ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས《སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་བརྒྱད་པའི་སྐོར་གཟིགས་ཀྱི་དངུལ་རྩའི་ཚན་པའི་དག་ཐེར་འཕེལ་རིམ་གནས་ཚུལ་སྐོར་གྱི་སྙན་ཞུར》གྲོས་ཞིབ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

        ཚོགས་འདུའི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐོར་གཟིགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་སྐོར་གཟིགས་དེ་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་རང་བཞིན་གྱི་ལམ་ལུགས་ལ་བརྩིས་ནས་བཀོད་སྒྲིག་བྱེད་ཀྱི་ཡོད། སྐོར་གཟིགས་ལས་དོན་གྱིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས“སྲུང་སྐྱོང་གཉིས”ཐུབ་པ་བྱ་རྒྱུ་དེ་རྩ་བའི་ལས་འགན་ལ་བརྩིས་པ་དང་། འགན་ནུས་དང་འགན་འཁྲིར་དམིགས་ཏེ་ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་པ། གནད་དོན་ཤེས་རྟོགས་དང་། ཟིལ་ཤུགས་ཆགས་པ། སྒྱུར་བཅོས་ལ་སྐུལ་འདེད། འཕེལ་རྒྱས་ལ་སྐུལ་འདེད་བཅས་མཐའ་འཁྱོངས་བྱས་ནས་རུལ་རྒོལ་གྱི་སྤུ་གྲིའི་ནུས་པ་འདོན་སྤེལ་བྱས་པའི་ངོས་འཛིན་བྱས་པ་རེད།

        ཚོགས་འདུའི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐོར་གཟིགས་དག་ཐེར་ལ་དམ་འཛིན་བྱེད་པ་དེ་དངུལ་རྩའི་ལས་རིགས་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་དང་། དག་ཐེར་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་པས་སྐོར་གཟིགས་དག་ཐེར་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད། དངུལ་རྩའི་ཚན་པའི་ཏང་ཨུད(ཏང་ཙུའུ)ཀྱིས་དག་ཐེར་གྱི་བྱེད་པོའི་འགན་འཁྲི་འཁུར་བ་དང་། སྐོར་གཟིགས་ཀྱི་ཚུར་ལན་བསམ་འཆར་དང་ཞིབ་བསྡུར་བྱས་ཏེ་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་པ། མངོན་གསལ་དོད་པའི་གནད་དོན་དང་ཉེན་ཁའི་མངོན་མེད་རྐྱེན་ངན་ཁག་གཅིག་བསལ་བ། འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བཅས་ལ་ཤུགས་སྣོན་བརྒྱབ་ཡོད། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྩ་འཛུགས་སྡེ་ཚན་གྱིས་དག་ཐེར་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་བྱས་པ་དང་། སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཁག་གཅིག་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཡོད། འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་སྐོར་གཟིགས་བྱས་འབྲས་གང་ལེགས་སྤྱད་དེ་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་ལས་རིགས་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ཡོད་ཅེས་བསྟན་ཡོད།

        ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས“འདུ་ཤེས་བཞི”རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་གཏོང་བ་དང་། དངུལ་རྩའི་ལས་དོན་གྱི་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པ། དངུལ་རྩའི་ལས་དོན་གྱི་ཆབ་སྲིད་རང་བཞིན་དང་མི་དམངས་རང་བཞིན་ལ་ངོས་འཛིན་བྱེད་ཚད་གཏིང་ཟབ་ཏུ་གཏོང་བ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དངུལ་རྩ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད། ཏང་གིས་དངུལ་རྩའི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་དགོས་པ་དང་། དངུལ་རྩའི་ཉེན་ཁ་འགོག་ཟོན་དང་སེལ་བ། སྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་གཏོང་བ། འཛེམ་མེད་དམར་འདོན་གྱི་ངར་ཤུགས་དང་དམ་འཛིན་མཐར་ཕྱིན་བྱེད་པའི་ངར་ཤུགས་ལ་བརྟེན་པ། དག་ཐེར་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་རྒྱུན་མཐུད་ངང་ནན་དུ་གཏོང་བ། ཆབ་སྲིད་དང་། བསམ་བློ། རྩ་འཛུགས། སྤྱོད་ཚུལ། སྒྲིག་ཁྲིམས་བཅས་ཀྱི་ཐོག་ནས་དམ་འཛིན་གྱི་རྣམ་པ་གཏོད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། དངུལ་རྩའི་ཚན་པའི་ཏང་ཨུད(ཏང་ཙུའུ)ཀྱིས་དག་ཐེར་དོན་འཁྱོལ་ལ་ཕྱོགས་ཡོངས་ནས་དམ་འཛིན་ཡག་པོ་བྱེད་པ་དང་། རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ལམ་སྲོལ་འཛུགས་པ། སྐོར་གཟིགས་དག་ཐེར་གྱི་ལས་དོན་དེ་རྒྱུན་གཏན་གྱི་ལས་ཀ་དང་། སྒྱུར་བཅོས་ཟབ་གཏོང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ། ཚན་ཁག་དང་དཔུང་ཁག་འཛུགས་སྐྱོང་བཅས་ནང་མཉམ་འདྲེས་ཐུབ་པ་བྱས་ནས་དངུལ་རྩའི་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་ཆབ་སྲིད་ཀྱི་འགན་ལེན་ནུས་ལྡན་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་ཡོད།

        ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1