ཝུའུ་ཅིན་ཕིང་གིས་དཀར་མཛེས་ཁུལ་གྱི་རྟའུ་དང་དཀར་མཛེས། སྡེ་དགེ སེར་ཤུལ་བཅས་རྫོང་དུ་བརྟག་དཔྱད་ཞིབ་འཇུག་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 03-23


            སྤྱི་ཟླ་3པའི་ཚེས་10ཉིན་ནས་12ཉིན་གྱི་བར། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཀྲང་ཝུའུ་ཅིན་ཕིང་དཀར་མཛེས་ཁུལ་གྱི་རྟའུ་དང་དཀར་མཛེས། སྡེ་དགེ སེར་ཤུལ་བཅས་རྫོང་ཁག་བཞི་ལ་ཕེབས་ནས་དྲིལ་བསྒྲགས་དང་བསམ་བློའི་རིག་གནས་ཀྱི་ལས་ཀར་བརྟག་དཔྱད་ཞིབ་འཇུག་གནང་བ་དང་། 2015ལོའི་རིག་གནས་དང་ཚན་རྩལ། འཕྲོད་བསྟེན་བཅས་གསུམ་གྲོང་གསེབ་ཏུ་སྐྱེལ་བའི་ངོ་མཚར་ལྟད་མོ་བོད་ཁུལ་དུ་སྐྱེལ་བ་དང་ཕྱོགས་བདུན་ལ་ཁྲིམས་ལུགས་སྐྱེལ་བའི་བྱེད་སྒོ་སྤེལ་མཁན་གྱི་ལས་སྒྲུབ་མི་སྣ་རྣམས་ལ་འཚམས་འདྲི་གནང་བ་རེད།

             ཝུའུ་ཅིན་ཕིང་གིས། རིག་གནས་དང་ཚན་རྩལ། འཕྲོད་བསྟེན་བཅས་གསུམ་གྲོང་གསེབ་ཏུ་སྐྱེལ་བ་དང་ཕྱོགས་བདུན་ལ་བཅའ་ཁྲིམས་སྐྱེལ་བའི་བྱེད་སྒོ་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏང་དགོས། དོན་སྙིང་ཟབ་ལ་གོ་བདེ་བ་དང་ཤུགས་རྐྱེན་ཐེབས་ནས་རིམ་བཞིན་འཕོ་འགྱུར་འགྲོ་བ། རྒྱུན་འཁྱོངས་ལྷོད་མེད། རོལ་རྩེད་ཀྱི་ཞོར་ནས་སློབ་གསོ་ཐེབས་པ་བཅས་ཀྱི་ཐོག་ནས་བོད་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ལ་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་ནས་བཞིར་སྐུལ་འདེད་གཏང་རྒྱུའི་ཐབས་ཇུས་གལ་ཆེན་བཀོད་སྒྲིག་བྱས་ཤིང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་བོད་ཁུལ་གྱི་དམངས་འཚོ་ལས་གཞི་6ལག་བསྟར་བྱས་ནས་ཐོབ་པའི་གྲུབ་འབྲས་སྒྲོག་འགྲེལ་ཡག་མོ་བྱས་ཏེ་བོད་ཁུལ་གྱི་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་བདེ་དྲོད་ཉམས་སུ་མྱོང་དུ་བཅུག་ནས་མཐུན་སྒྲིལ་ཡར་ཐོན་དང་། འཕེལ་རྒྱས་གཏང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གཅིག་ཏུ་ཆགས་པ་བྱ་དགོས་ཞེས་ནན་གྱིས་བསྟན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1