ཨུ་རུ་སུ་2024ལོའི་རྗེས་སུ་རྣམ་གྲངས་འདི་ལས་ཕྱི་འབུད་རྒྱུ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-28




 

   ཟླ་7ཚེས་26ཉིན། ཨུ་རུ་སུའི་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཀུང་སིའི་གསར་དུ་བསྐོ་གཞག་བྱས་པའི་སྤྱི་ཁྱབ་པའོ་ལི་སུའོ་ཕུའུ་ཡིས་ཚེས་26ཉིན། ཨུ་རུ་སུ་2024ལོའི་རྗེས་སུ་རྒྱལ་སྤྱིའི་བར་སྣང་ས་ཚིགས་ཀྱི་རྣམ་གྲངས་ནས་ཕྱིར་འཐེན་བྱ་རྒྱུ་དང་། སྐབས་དེ་དུས་ཨུ་རུ་སུའི་འཁོར་ལམ་ཞབས་ཞུའི་ས་ཚིགས་འཛུགས་རྒྱུ་ཡིན་པ་བཤད།

   ཨུ་རུ་སུའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། པའོ་ལི་སུའོ་ཧྥུའུ་ཡིས་དེ་ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་དང་ཐུག་འཕྲད་བྱེད་སྐབས། ཨུ་རུ་སུས་རྒྱལ་སྤྱིའི་བར་སྣང་ས་ཚིགས་ཀྱི་རྒྱལ་སྤྱིའི་མཉམ་ལས་སྒྲོམ་གཞིའི་ནང་ལས་ཀ་བྱེད་བཞིན་ཡོད་པ་དང་། མཉམ་ལས་རོགས་ཟླར་འོས་འགན་ཡོད་ཚད་བསྒྲུབ་རྒྱུ་ཡིན་མོད། འོན་ཀྱང་2024ལོའི་རྗེས་སུ་རྒྱལ་སྤྱིའི་བར་སྣང་ས་ཚིགས་རྣམ་གྲངས་ནས་ཕྱིར་འཐེན་བྱ་རྒྱུའི་གཏན་འབེབས་བྱས་ཡོད་ཅེས་བཤད་པ་རེད། སྐབས་དེ་དུས་ཨུ་རུ་སུའི་འཁོར་ལམ་ཞབས་ཞུའི་ས་ཚིགས་འཛུགས་རྒྱུ་ཡིན། འདི་ནི་ཨུ་རུ་སུའི་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཀུང་སིའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཁྱབ་ཁོངས་ཀྱི་སྔོན་ལ་ལག་ལེན་བསྟར་བའི་བྱ་བ་གཙོ་བོ་ཞིག་ཏུ་འགྱུར་རྒྱུ་རེད།

   གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་4པར། སྐབས་དེ་དུས་ཨུ་རུ་སུའི་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཀུང་སིའི་སྤྱི་ཁྱབ་ལུའོ་ཀེ་ཅིང་གིས་ཨུ་རུ་སུ་ཕྱོགས་ཀྱིས་རྒྱལ་ནང་དང་ཉེ་འཁོར་ས་ཁུལ་གྱི་དུས་བབ་ལ་གཞིགས་ནས། རྒྱལ་སྤྱིའི་བར་སྣང་ས་ཚིགས་ཀྱི་འབྱུང་འགྱུར་ལས་དབང་གཏན་འཁེལ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད། ཨུ་རུ་སུས་གནས་སྐབས་རིང་ལངས་ཕྱོགས་གསལ་སྟོན་བྱ་རྒྱུར་བྲེལ་བ་མེད། 2024ལོའི་གོང་ཨུ་རུ་སུས་རྒྱལ་སྤྱིའི་བར་སྣང་ས་ཚིགས་སུ་མུ་མཐུད་ལས་ཀ་བྱ་རྒྱུ་དང་2024ལོའི་རྗེས་སུ་ཨུ་རུ་སུ་ཕྱོགས་དང་རྒྱལ་ཕྱིའི་རོགས་ཟླ་གཉིས་པོས་རྒྱལ་སྤྱིའི་བར་སྣང་ས་ཚིགས་ཁྱབ་ཁོངས་སུ་མུ་མཐུད་མཉམ་ལས་བྱེད་མིན་གྱི་གྲོས་འགོ་ཙུང་ཐུང་ཕུའུ་ཅིང་དང་སྲིད་གཞུང་ལ་གཟིགས་ཞིབ་བྱ་རྒྱུར་ཕུལ་ཡོད། གལ་ཏེ་ཨུ་རུ་སུ་ཕྱོགས་ཀྱིས་རྒྱལ་སྤྱིའི་བར་སྣང་ས་ཚིགས་ཀྱི་རྣམ་གྲངས་ནས་ཕྱིར་འཐེན་བྱ་རྒྱུའི་ཐག་བཅད་ན། ལོ་གཅིག་གི་སྔོན་ལ་མཉམ་ལས་རོགས་ཟླར་བརྡ་ཐོ་གཏོང་རྒྱུ་ཡིན་ཞེས་བཤད།  


  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1