བཅོས་བསྒྱུར་ཟབ་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས་གསར་གཏོད་སྒུལ་ཤུགས་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱ་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-25


          ཉེ་ཆར། ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས། བཅོས་བསྒྱུར་ཟབ་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས་གསར་གཏོད་སྒུལ་ཤུགས་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱ་བའི་མཛུབ་སྟོན་གྱི་ཡིག་ཆ་འགྲེམ་བསྒྲགས་བྱས་ཡོད།

          བསམ་འཆར་ནང་བསྟན་དོན། 2020ལོའི་བར་དུ། གཞི་རྩའི་ཐོག་གསར་གཏོད་སྒུལ་ཤུགས་འཕེལ་རྒྱས་ཀྱི་རེ་འདུན་དང་འཚམ་པའི་ལམ་ལུགས་དང་སྲིད་ཁྲིམས་མ་ལག་ཅིག་ཆགས་པར་བྱས་ཏེ། ནུས་ཤུགས་ཡོད་རྒུས་གསར་གཏོད་རྣམ་པའི་རྒྱལ་ཁབ་ཀྱི་གྲས་སུ་ཚུད་པར་འགན་ལེན་བྱ་དགོས། ཤེས་ལྡན་མི་སྣ་དང་། མ་རྩ། ལག་རྩལ། ཤེས་བྱའི་འཁོར་རྒྱུག ཁེ་ལས། ཚན་རིག་ཞིབ་འཇུག་ཁང་། མཐོ་རིམ་སློབ་གྲྭ་དང་མཉམ་འབྲེལ་སྒོས་གསར་གཏོད་བྱ་རྒྱུ། གསར་གཏོད་ཀྱི་འགྲན་སྡུར་སྤེལ་བ་དང་གསར་གཏོད་ཀྱི་གྲུབ་འབྲས་ལ་སྲུང་སྐྱོབ་གང་ལེགས་བྱ་རྒྱུ། གསར་གཏོད་ཀྱི་རིན་ཐང་སྔར་ལས་ལྷག་པར་མངོན་འགྱུར་བྱ་བ་དང་། གསར་གཏོད་ཀྱི་ཐོན་ཁུངས་མཐུན་སྦྱོར་བྱེད་ཚད་མཐོར་འདེགས་གཏང་བ། ཤེས་ལྡན་མི་སྣས་ལུགས་མཐུན་སྒོས་གསར་གཏོད་ཀྱི་གྲུབ་འབྲས་མཉམ་སྤྱོད་བཅས་བྱས་ཏེ། གསར་གཏོད་སྒུལ་ཤུགས་ཀྱི་འཕེལ་རྒྱས་འཐབ་ཇུས་དངོས་སུ་དོན་འཁྱོལ་བྱ་དགོས། དེ་ནས་དཔལ་འབྱོར་ཡར་རྒྱས་གོང་འཕེལ་ལ་སྐུལ་འདེད་དང་ལས་ཞུགས་ལས་གཏོད་ལ་སྒུལ་ཤུགས་གསར་པ་བསྐྲུན་དགོས། དེ་བཞིན་དུ་རྒྱལ་སྤྱིའི་འགྲན་རྩོད་ཀྱི་ནང་དུ་ཞུགས་ནས་མཉམ་ལས་ཀྱི་སྡིངས་ཆ་འཛུགས་པ་དང་། རྒྱུན་མཐུད་འཕེལ་རྒྱས་ཀྱི་གནས་བབ་གསར་པ་ཆགས་པར་སྐུལ་འདེད་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་འགྱུར་བར་སྐུལ་འདེད་བཅས་གཏང་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1