སྤྱི་ཟླ་3ཚེས་22ཉིན། བོད་ཀྱི་གླུ་བ་གྲགས་ཅན་པདྨ་བསམ་འགྲུབ་ཀྱི་གླུ་གཞས་ཆེད་བསྒྲིགས་གསར་པ་<<ཚངས་དབྱངས་རྒྱ་མཚོ།>>ཞེས་པ་དེ་པེ་ཅིང་གྲོང་ཁྱེར་གྱི་798སྒྱུ་རྩལ་ཁུལ་པེ་ཅིང་བོད་དབྱངས་བོད་ཀྱི་རིག་གནས་ཁྱབ་སྤེལ་ལྟེ་གནས་(北京城未央藏文化推广中心)སུ་གཟབ་རྒྱས་ངང་འཚོགས་པ་རེད། །