རང་རྒྱལ་གྱི་སྐམ་ཆུ་གཉིས་བགྲོད་གནམ་གྲུ་ཡི་མགོའི་ཆ་ཤས་གཙོ་བོ་རྩིས་སྤྲོད་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-25


            སྤྱི་ཟླ་3པའི་ཚེས་17ཉིན། ཁྲེན་ཏུའུ་རུ་མེ་གསོད་གནམ་གྲུ་རིགས་ཆེ་ཤོས་དང་མཚོ་ཐོག་སྐྱོབ་རོགས་ཀྱི་སྐམ་ཆུ་གཉིས་བགྲོད་གནམ་གྲུ་AG600ཡི་མགོ་ལེགས་འགྲུབ་བྱུང་བའི་རྩིས་སྤྲོད་མཛད་སྒོ་འཚོགས་ཤིང་། ཉིན་འདིར་རང་རྒྱལ་གྱིས་རང་བདག་གིས་ཞིབ་འཇུག་དང་གསར་བཟོ་བྱས་པའི་གནམ་གྲུ་ཆེན་པོ་གསུམ་གྱི་ཡ་གྱལ་སྟེ། མེ་གསོད་གནམ་གྲུ་རིགས་ཆེ་ཤོས་དང་མཚོ་ཐོག་སྐྱོབ་རོགས་ཀྱི་སྐམ་ཆུ་གཉིས་བགྲོད་གནམ་གྲུ་AG600ཡི་མགོ་ལེགས་འགྲུབ་ཀྱི་རྩིས་སྤྲོད་མངོན་འགྱུར་བྱུང་བ་ཡིན་ལ། རྒྱལ་ཁབ་ཀྱི་དམངས་སྤྱོད་གནམ་གྲུ་ཆེ་རིགས་བཟོ་བའི་རྣམ་གྲངས་ཏེ་AG600ཞིབ་འཇུག་དང་གསར་བཟོ་བྱས་པའི་ལམ་ཚད་རྡོ་རིང་ཞིག་ཀྱང་ཡིན།

            གནམ་གྲུ་AG600ནི་འཛམ་གླིང་གི་སྐམ་ཆུ་གཉིས་བགྲོད་ཀྱི་གནམ་གྲུ་ཆེ་ཤོས་དེ་ཡིན་པའི་ངོས་ནས། རང་རྒྱལ་གྱི་ནགས་ཚལ་མེ་སྐྱོན་འགོག་པ་དང་མཚོ་ཐོག་སྐྱོབ་རོགས་བྱ་བའི་དགོས་ངེས་ཀྱི་རེ་འདུན་བསྐོང་ཐུབ་ལ། འདི་ཡང་ཆེས་ཐོག་མར་ཞིབ་འཇུག་དང་གསར་བཟོ་བྱས་པའི་དམངས་སྤྱོད་གནམ་གྲུ་ཆེ་རིགས་དེ་ཡིན། དེ་བཞིན་རྒྱལ་ཁབ་ཀྱི་བབ་བསྟུན་སྐྱོབ་རོགས་མ་ལག་འཛུགས་སྐྲུན་གྱི་མཁའ་འགྲུལ་སྒྲིག་ཆས་ཆེ་ཤོས་ཤིག་ཀྱང་ཡིན། གནམ་གྲུ་AG600གི་མགོའི་རིང་ཚད་ལ་སྨི་9.5ཡོད་ཅིང་བསྡོམས་པས་ལྷུ་ལག་5200ལྷག་ཡོད། གནམ་གྲུ་འདིའི་ཁོག་སྟོད་ནི་གནམ་གྲུའི་གྲུབ་ཚུལ་ལྟར་ཇུས་འགོད་དང་ཁོག་སྨད་ནི་གྲུ་གཟིངས་ཀྱི་གྲུབ་ཚུལ་ལྟར་ཇུས་འགོད་བྱས་པ་ཞིག་ཡིན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1