༄༅།། སྐལ་བཟང་ཚེ་བརྟན་གྱི་གྲོང་གསེབ་པར་རིས་བརྩམས་ཆོས་བདམས་བཀོད།

སྒྲོལ་མ་ཚེ་བརྟན་དང་བསྟན་འཛིན་ཉི་མས་བྲིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-01


 


         དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་། གྲོང་གསེབ་དར་རྒྱས་གོང་འཕེལ་དུ་གཏོང་བར་ནུས་ཤུགས་ཡོད་རྒུས་ལག་བསྟར་བྱ་རྒྱུ་ནི། ཏང་གིས་ལོ་རྒྱུས་ཀྱི་འདྲེས་མཚམས་གལ་ཆེན་དུ་ཕྱེས་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་ཀྱི་འཕེལ་རིམ་ནང་བཏོན་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་དང་།ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་རིང་གི་གྲོང་གསེབ་ལས་དོན་གྱི་ལས་འགན་གལ་ཆེ་ཤོས་ཀྱི་གྲས་ཤིག་རེད། སི་ཁྲོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྙན་ཞུའི་ནང་དུའང་གྲོང་གསེབ་དར་རྒྱས་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ། གྲོང་གསེབ་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཤུགས་ཆེན་བྱེད་པ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་སོགས་བཀོད་འདུག །

  

         སི་ཁྲོན་ནུབ་བྱང་ས་མཐོར་གནས་པའི་རྔ་བ་རྫོང་ནི་རོང་འབྲོག་ཁུལ་གྱི་ཁོངས་སུ་གཏོགས་པ་དང་དེའི་དམིགས་བསལ་གྱི་ས་ཁམས་ཁོར་ཡུག་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁོར་ཡུག་གིས་བོད་རིགས་ཀྱི་སྲོལ་རྒྱུན་འཛུགས་སྐྲུན་གྱི་སྡོད་ཁང་བསྐྲུན་ཡོད། ས་འདམ་རྒྱུ་ཆ་གཙོོར་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྣོད་བཅུད་ཁོར་ཡུག་ལ་གཏོར་བཤིག་ཕོག་ཚད་དམའ་རུ་བཏང་བ་དང་བོད་རིགས་མི་དམངས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་འདུས་པའི་ཡུལ་མིའི་སྡོད་ཁང་དེ་གནས་དེའི་ཡུལ་སྐོར་འཕེལ་རྒྱས་ཀྱི་རིག་གནས་མཚོན་རྟགས་གལ་ཆེན་ཞིག་ཏུ་གྱུར་ཡོད། 

  

         ས་གནས་དེ་གར་རྔ་བ་རྩྭ་ཐང་གི་དཔྱིད་ཀ་ནི་གྱང་རྡུང་བའི་གླུ་ཡིས་གཉིད་ལས་སད་དུ་བཅུག་པ་རེད་ཅེས་བཤད་སྲོལ་ཡོད་ལ། གྱང་རྡུང་བའི་དུས་སུ་ཉུང་ན་མི་བཅུ་ཕྲག་དང་མང་ན་མི་བརྒྱ་ཕྲག་ལྷན་དུ་འཛོམས་ལ། སྐྱེས་པ་རྣམས་ཀྱིས་གྱང་རྒྱུག་གཡུག་གཡུག་བྱེད་པ་དང་། བུད་མེད་རྣམས་ཀྱིས་ས་འདམ་དབོར་འདྲེན་བྱེད་པ། མི་རྣམས་ཀྱིས་གྱང་རྡུང་བའི་གླུ་དབྱངས་ཀྱི་ཉམས་འགྲོས་དང་འགྲོགས་ནས་ཕྱར་བ་གྲུ་འདེགས་དང་ལས་བགོས་མཉམ་ལས་བྱས་ཏེ་ཚ་ཚ་འུར་འུར་གྱི་ངལ་རྩོལ་རྣམ་པ་ཡག་པོ་ཞིག་གཏོད་འདུག །གླུ་སྐད་ཀྱི་འགྱུར་ཁུག་དང་བསྟུན་ནས་ངལ་རྩོལ་པའི་ལས་ཀའི་རྣམ་པ་ལ་ཡང་དལ་མགྱོགས་ཡོད་ལ། གྱང་དེ་ཡང་རིམ་གྱིས་མཐོ་ནས་མཐོ་རུ་འཕར་ཡོང་པ་རེད། གྱང་རྡུང་བའི་གླུ་སྐད་ཁྲོད་ན་དཔྱིད་དུས་ཀྱི་དྲི་བསུང་འཐུལ་ཡོད་ལ་དགུན་དུས་འཁྱགས་པས་བསྡམས་པའི་ཐག་པ་ཡོད་ཚད་གློད་དེ་སླར་ཡང་རྔ་བ་རྩྭ་ཐང་ལ་སྐྱེས་སྟོབས་ཀྱི་དཔལ་འབར་པའི་ཚེ་སྲོག་གི་རྣམ་པ་གསར་པ་ཞིག་བསྩལ་འདུག ། 

  

  

         སྣོད་བཅུད་ནི་སྲུང་སྐྱོང་དང་བདག་སྐྱོང་ཁྲོད་མི་རྣམས་ཀྱི་གནས་སྡོད་བྱ་ཡུལ་དང་འཚམ་ལ། གྲོང་སྲོལ་ནི་འཛུགས་སྐྲུན་དང་དོ་དམ་ཁྲོད་ཤེས་དཔལ་ཅན་དུ་འགྱུར་སྲིད། སྙན་འཇེབས་ཀྱི་གླུ་སྐད་དེ་གྱང་རྡུང་སྐབས་གོམས་འདྲིས་ཙམ་དུ་སོང་བའི་གླུ་སྐད་ཁོ་ན་ཙམ་མིན་པར། དེ་ནི་ས་གནས་དེ་གའི་གྲོང་གསེབ་དར་རྒྱས་ཀྱི་འདུ་འཛོམས་ཀྱི་དུང་བརྡ་ཡིན་ལ། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་ཐུབ་པར་བཀྲ་ཤིས་རྟེན་འབྲེལ་དུ་ཕུལ་བའི་སྨོན་འདུན་ཡིན། །  

  


རྩོམ་ཡིག་རྗེས་མ།
སྤྱིའི་དེབ59པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1