ཁོར་ཡུག་ལ་དུག་སེལ་བྱས་ནས་ཕྱིར་སྐྱོད་བདེ་འཇགས་ཡོང་བར་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 09-05


        ཉིན་ཤས་བསྟུད་མར། ལྷ་སའི་མེ་འཁོར་བབས་ཚུགས་ཀྱིས་ཚན་རིག་དང་མཐུན་པ་དང་། གནད་སྨིན། ནུས་ལྡན་བཅས་ཀྱི་སྒོ་ནས་དུག་སེལ་ལས་དོན་ཐད་ཤུགས་སྣོན་རྒྱག་པ་དང་། ས་གནས་ཀྱི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་བ་ཧུར་ཐག་བྱས་ཏེ་དུས་བཀག་ནང་ཁུག་ཆ་མ་ལུས་པར་དུག་སེལ་བྱེད་པ། གཙང་སྦྲ་བ་བཀོད་སྒྲིག་བྱས་ནས་ཉིན་ལྟར་དུས་བཀག་ནང་དུག་སེལ་བྱེད་པ། ཉིན་མཚན་དབྱེར་མེད་ངང་སྤྱི་པའི་ས་ཁོངས་ལ་སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་ཐུབ་པ་བཅས་བྱས་ནས། བབས་ཚུགས་ཀྱི་མི་སྣ་འདུ་འཛོམས་ཁུལ་ནས་རིམས་ནད་འགོ་བའི་ཉེན་ཁ་ཆུང་དུ་གཏོང་གང་ཐུབ་བྱས་ཏེ། མེ་འཁོར་སྒུག་ཁང་དུ་ཡོད་པའི་ཡུལ་སྐོར་བ་དང་འགྲུལ་པའི་བདེ་ཐང་ལ་འགན་ལེན་ཏན་ཏིག་བྱས་ཡོད།


 


 འདི་ནི་ལྷ་ས་མེ་འཁོར་བབས་ཚུགས་ཀྱི་ལས་དོན་མི་སྣས་མེ་འཁོར་སྒུག་ཁང་དུ་དུག་སེལ་བྱེད་བཞིན་པ། 


 

འདི་ནི་ལྷ་ས་མེ་འཁོར་བབས་ཚུགས་ཀྱི་ལས་དོན་མི་སྣས་ཡུལ་སྐོར་བ་དང་འགྲུལ་པའི་ཉིང་སྐྱུར་བརྟག་དཔྱད་ཆ་འཕྲིན་ལ་ཞིབ་བཤེར་བྱེད་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1