མཛོད་དགེ་རྫོང་གིས་དམངས་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-08


         

        མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་རྙོག་འཛིང་ཆེ་ཞིང་ཛ་དྲག་ལྡན། རྒྱ་ཆེའི་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ཀྱི་ཆེད་དུ། མཛོད་དགེ་རྫོང་གིས་ཟླ་9པའི་ཚེས་6ཉིན་གོ་རིམ་ལྡན་ཞིང་བརྩེ་བས་ཕྱུག་པ། མྱུར་ཚད་ཡོད་པའི་སྒོ་ནས་དམངས་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་ཀྱི་ལས་སྒོ་སྤེལ།  

 

        རྒྱུས་ལོན་བྱུང་པ་ལྟར་ན།  ཐེངས་འདིའི་མཛོད་དགེ་རྫོང་དུ་བསྡོམས་པའི་སྟབས་བདེའི་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་124བཀོད་སྒྲིག་བྱས་ཡོད་པ་དང་།  ཟླ་9པའི་ཚེས་6ཉིན་ནས་ཟླ་9པའི་ཚེས་8ཉིན་གྱི་བར།  རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་དམངས་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་བྱ་རྒྱུ་རེད།  ཟླ་9པའི་ཚེས་6ཉིན། མཛོད་དགེ་རྫོང་གིས་རྫོང་ཡོངས་ཀྱི་རྒྱུན་སྡོད་མི་འབོར་གྱི་བརྒྱ་ཆའི་93ཡན་ལ་ཉིང་སྐྱུར་བརྟག་དཔྱད་བྱས་པ་རེད།  

  

  

  

  

  

  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1