ལི་ཁྲང་ཕིང་གིས་དཀར་མཛེས་ཁུལ་གྱི་རོང་བྲག་དང་དར་མདོ།རྟའུ་བཅས་རྫོང་ཁག་གསུམ་དང་དུང་དཀར་ལུང་པ་རུ་བརྟག་དཔྱད་ཞིབ་འཇུག་གནང་།

ཡེ་ཤེས་མགོན་པོས་བསྒྱུར། རྩོམ་སྒྲིག་པ། ཡེ་ཤེས་མགོན་པོ།ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 03-30


           སྤྱི་ཟླ་3པའི་ཚེས་20ནས་22ཉིན་གྱི་བར། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་ལི་ཁྲང་ཕིང་གིས་ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་གི་སྣེ་ཁྲིད་ནས་དཀར་མཛེས་ཁུལ་གྱི་རོང་བྲག་དང་དར་མདོ། རྟའུ་བཅས་རྫོང་ཁག་གསུམ་དང་དེ་མིན་དུང་དཀར་ལུང་པ་རུ་གནོད་རྗེས་བསྐྱར་སྐྲུན་ལས་ཀར་བརྟག་དཔྱད་ཞིབ་འཇུག་གནང་བ་རེད།

            ལི་ཁྲང་ཕིང་གིས། ཞིང་སྡེའི་གནོད་སྐྱོན་ཐེབས་རྗེས་ཀྱི་བསྐྱར་སྐྲུན་ལས་ཀ་ནི། དར་མདོར་ས་འགུལ་བྱུང་རྗེས་བསྐྱར་སྐྲུན་བྱ་རྒྱུའི་གཙོ་གནད་དང་། དཀའ་གནད་ཡིན་པར་བརྟེན། ངེས་པར་དུ་གྲོང་སྡེ་གསར་པ་འཛུགས་སྐྲུན་དང་དབུལ་སྐྱོར་གསར་སྤེལ་ལ་ཟུང་འབྲེལ་བྱས་ཏེ་ཆུ་ཚད་མཐོན་པོས་འཆར་འགོད་དང་། ཚད་གཞི་མཐོན་པོས་འཛུགས་སྐྲུན། ཐབས་ལམ་གསར་པ་བཀོད་སྒྲིག་བཅས་ལ་བརྟེན་ནས་རྒྱུན་ཆད་མེད་པར་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་གཏང་བའི་ཐབས་ལམ་རྒྱ་སྐྱེད་དགོས་པ་དང་། གནོད་སྐྱོན་ཐེབས་པའི་མང་ཚོགས་དབུལ་བྲལ་ཕྱུག་འགྱུར་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་རོགས་བྱ་དགོས་ཞེས་ནན་གྱིས་བསྟན། །

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1