ཀྲུའུ་ཞའོ་ཏན་དང་དཀར་མཛེས་མི་དམངས་མཉམ་འབྲེལ་སྒོས་མཛེས་སྡུག་ལྡན་པའི་དཀར་མཛེས་འཛུགས་སྐྲུན་བྱ་རྒྱུ་རེད།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིསཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-30


        སྤྱི་ཟླ་3པའི་ཚེས་23ཉིན་ནས་ཚེས་25ཉིན་གྱི་བར། ཀོང་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཀྲུའུ་ཞའོ་ཏན་གྱིས་ཀོང་ཏུང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་ནས་དཀར་མཛེས་ཁུལ་དུ་ཕེབས་ཏེ། དར་མདོ་དང་རྟའུ། རོང་བྲག ལྕགས་ཟམ་རྫོང་བཅས་ལ་ཟབ་ཞུགས་བྱས་ཤིང་། གནོད་རྗེས་བསྐྱར་སྐྲུན་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས། ཞིང་སྡེ་གསར་པ་འཛུགས་སྐྲུན། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་སོགས་ཀྱི་ཁ་གཏད་རོགས་སྐྱོར་ལས་ཀར་རྟོག་ཞིབ་གནང་། ཀྲུའུ་ཞའོ་ཏན་གྱིས། ཀོང་ཏུང་གིས་དཀར་མཛེས་ལ་ཁ་གཏད་རོགས་སྐྱོར་བྱ་བའི་ལས་ཀ་དམ་འཛིན་བྱ་རྒྱུ་ཡིན་པ་དང་། དཀར་མཛེས་མི་དམངས་དང་དཔུང་བ་མཉམ་གཤིབ་ཀྱིས་མཛེས་སྡུག་ཡིད་དུ་འོང་བའི་དཀར་མཛེས་ཤིག་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞེས་གསུངས།  ཐེངས་འདིའི་རྟོག་ཞིབ་ཀྱི་ནང་དུ་ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་གཞོན་པ་ཝང་ཉིང་དང་། ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་ཡེ་ཤེས་ཟླ་བ་བཅས་མཉམ་ཞུགས་གནང་ཡོད།

         ཀྲུའུ་ཞའོ་ཏན་སྔ་ཕྱིར་དར་མདོ་རྫོང་ལྷ་སྒང་གྲོང་རྡལ་རྡོ་ར་དཀར་མོ་གྲོང་སྡེ་དང་། རྟའུ་རྫོང་དཔལ་སྨད་གྲོང་རྡལ་ཆུ་བར་གྲོང་སྡེ། རོང་བྲག་རྫོང་སྟོང་དགུ་ཡུལ་ཤོག་ལྟེ་བའི་སློབ་ཆུང་། རོང་བྲག་གི་བརྒྱ་སྡེ། ལྕགས་ཟམ་རྫོང་འབོ་ཞབས་གྲོང་རྡལ་གྱི་ཞག་སྡོད་སློབ་གྲྭ། འབོ་ཞབས་གྲོང་རྡལ་དམར་དམག་རྒྱང་སྐྱོད་རྗེས་དྲན་ཁང་སོགས་ས་ཆར་ཕེབས་ནས་རྟོག་ཞིབ་གནང་ཡོད། ས་ཆ་གང་ལ་འབྱོར་བ་ཡིན་ན། ཁོང་གིས་ས་གནས་དེའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་། རྣམ་གྲངས་སྐུལ་སྤེལ་བྱེད་ཚད་སོགས་ལ་རྒྱུས་ལོན་ཟབ་མོ་གནང་བར་མ་ཟད། ཁོང་དང་ལྷན་དུ་ཕེབས་པའི་ཀོང་ཏུང་གི་ཁ་གཏད་རོགས་སྐྱོར་བྱ་བའི་འགན་འཁུར་བློ་མཐུན་ཚོ་ས་གནས་འགན་འཁུར་མི་སྣར་ངོ་སྤྲོད་དང་། ཁོང་ཚོའི་བར་བསམ་བློ་བརྗེ་རེས་བྱས་ཏེ་ཐུན་མོང་ཐོག་ཁ་གཏད་རོགས་སྐྱོར་ལས་ཀ་ཡག་པོར་བསྒྲུབ་པའི་རེ་བ་བཏོན།


         ཀྲུའུ་ཞའོ་ཏན་གྱིས་དཀར་མཛེས་ཁུལ་དུ་རྟོག་ཞིབ་གནང་བའི་རིང་དུ། དབུལ་ཕོངས་ཁྱིམ་ཚང་མང་པོའི་ནང་ཆེད་དུ་ཕེབས་ཏེ། ཁོང་ཚོའི་ཁྱིམ་ཚང་གི་གནས་ཚུལ་དང་། ནང་མི་ཚོའི་གཟུགས་པོ་བདེ་ཐང་། འཚོ་བའི་ཡོང་སྒོ། མ་འོངས་འཆར་གཞི་སོགས་ཀྱི་སྐོར་འདྲི་ཞིབ་གནང་བར་མ་ཟད། འཚམས་འདྲིའི་རོགས་དངུལ་ཡང་སྦྱིན་ཡོད། ཁོང་གིས། དབུལ་ཕོངས་ཁྱིམ་ཚང་གཙོས་པའི་དཀར་མཛེས་མང་ཚོགས་ཀྱིས་མ་འོངས་པར་རེ་བ་དང་ཡིད་ཆེས་བྱ་དགོས་ཏེ། ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོའི་འོག ཀོང་ཏུང་གི་ཁ་གཏད་རོགས་སྐྱོར་ལས་བྱེད་པ་དང་ས་གནས་ལས་བྱེད། དེ་བཞིན་རྒྱ་ཆེའི་དཀར་མཛེས་མི་དམངས་བཅས་ཀྱིས་ཕྱར་གྲུ་མཉམ་འདེགས་ཀྱིས། བོད་ཁུལ་མང་ཚོགས་ཀྱི་འཚོ་བའི་དཀའ་ངལ་སེལ་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་དུ་འགྱུར་བར་བྱ་རྒྱུ་ཡིན་ཞེས་ནན་གྱིས་གསུངས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1