ཝང་ཏུང་མིང་དང་ཝེ་ཧུང་རྣམ་གཉིས་ཀྱིས་ཀོང་ཏུང་ཞིང་ཆེན་གྱི་ཞིང་དཔོན་ཀྲུའུ་ཞའོ་ཏན་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 03-30


སྤྱི་ཟླ་3པའི་ཚེས་22ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཝེ་ཧུང་རྣམ་གཉིས་ཀྱིས་ཁྲེན་ཏུའུ་རུ་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལ་ཁ་གཏད་བོད་སྐྱོར་བྱ་རྒྱུའི་ལས་ཀར་བརྟག་དཔྱད་ཞིབ་འཇུག་བྱེད་དུ་ཡོང་བའི་ཀོང་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཀྲུའུ་ཞའོ་ཏན་ལྷན་ཕེབས་བཅས་ལ་མཇལ་འཕྲད་གནང་བ་རེད།

ཝང་ཏུང་མིང་གིས་ཀོང་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་ཡུན་རིང་པོར་སི་ཁྲོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། ཁྱད་པར་དུ་ཝུན་ཁྲོན་ས་འགུལ་ཆེན་པོ་བྱུང་རྗེས་ཀྱི་ཉམས་གསོ་དང་བསྐྱར་འཛུགས་ལས་ཀར་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས། ཐེངས་འདིར་ཞིང་དཔོན་ཀྲུའུ་ཞའོ་ཏན་ལགས་ཀྱིས་བརྟག་དཔྱད་ཞིབ་འཇུག་ཚོགས་པ་ཁྲིད་ནས་དཀར་མཛེས་ཁུལ་ལ་ཁ་གཏད་རོགས་སྐྱོར་ལས་ཀར་རྟོག་ཞིབ་གནང་བར་མ་ཟད། སི་ཁྲོན་དང་ཀོང་ཏུང་དུ་འཚོགས་པའི་སི་ཁྲོན་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུའི་མཉམ་འབྲེལ་གྲོས་ཚོགས་ཐེངས་དང་པོའི་ནང་དུའང་ཞུགས་ཡོད། འདི་ནི་ཀོང་ཏུང་ཞིང་ཆེན་གྱིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱ་རྒྱུའི་རྣམ་འགྱུར་གསལ་པོ་མཚོན་པ་ཡིན་ལ། སི་ཁྲོན་ལ་བཅངས་པའི་ཤ་ཉེ་བུ་སྤུན་ལྟ་བུའི་བརྩེ་དུང་དང་མི་རིགས་ས་ཁུལ་གྱི་མང་ཚོགས་ལ་སེམས་ཁུར་ཆེན་པོ་གནང་བའི་མཚོན་ཚུལ་ཞིག་ཀྱང་རེད། 

ཝང་ཏུང་མིང་གིས་ཀོང་ཏུང་ནི་རང་རྒྱལ་གྱི་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྔོན་འགྲོའི་ཞིང་ཆེན་ཞིག་ཡིན་པར་བརྟེན། དཔལ་འབྱོར་སྟོབས་ཤུགས་ཆེན་པོ་ཡོད་པ་རེད། ཀྲུང་དབྱང་གིས་ཀོང་ཏུང་ཞིང་ཆེན་ལ་རང་རེའི་ཞིང་ཆེན་གྱི་དཀར་མཛེས་བོད་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱ་བའི་ཐག་བཅད་ཅིང་། དེའི་ཐོག་ནས་རང་རེའི་ཞིང་ཆེན་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་རྒྱས། དམངས་འཚོ་ལེགས་བཅོས་བཅས་བྱུང་ནས་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་སྐུལ་འདེད་གཏང་བའི་ནུས་པ་གལ་ཆེན་འདོན་སྤེལ་དང་། གསོན་ཤུགས་དེ་བས་ཆེན་པོ་བསྩལ་ངེས་རེད་ཅེས་གསུངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1