ཁྲུང་ཆིང་དུ་ཕྱི་ནས་ཡོང་བའི་སྤྲེལ་འབྲུམ་ནད་པ་གཅིག་ཐོན་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 09-18


        གསར་འགོད་པས་ཁྲུང་ཆིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུར་པར་གཞིགས་ན། སྤྱི་ཟླ་9ཚེས་16ཉིན། ཁྲུང་ཆིང་གྲོང་ཁྱེར་དུ་ཕྱི་ནས་ཡོང་བའི་སྤྲེལ་འབྲུམ་ནད་པ་1ཐོན་ཡོད།  ནད་པ་དེ་ནི་ཕྱི་རྒྱལ་ནས་ཁྲུང་ཆིང་དུ་ཡོང་བ་ཞིག་ཡིན་པ་དང་། རྒྱལ་མཚམས་གྲོལ་དེ་རྒྱལ་ནང་དུ་ཡོང་མཁན་རྣམས་ལ་ཏོག་གསར་གློ་ཚད་རིམས་ནད་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་གཅིག་སྡུད་ལོགས་དབྱེ་བྱེད་སྐབས། པགས་འབྲུམ་སོགས་ཀྱི་ནད་རྟགས་མངོན་ཞིང་། ཁྲུང་ཆིང་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཚོད་ལྟ་ཁང་གི་ཞིབ་དཔྱད་ཚད་ལེན་དང་ཀྲུང་གོ་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱིས་བསྐྱར་བཤེར་བྱས་པ་བརྒྱུད་ཚོད་ལྟ་ཁང་གི་ཞིབ་བཤེར་མཇུག་འབྲས་ནི་སྤྲེལ་འབྲུམ་ནད་དུག་གི་ཉིང་སྐྱུར་གདགས་གཤིས་ཡིན་པས། རྒྱལ་ཁབ་ཀྱིས་རིགས་གཅིག་མཁས་པ་སྒྲིག་འཛུགས་བྱས་ནས་ཞིབ་འཇུག་བྱས་མཐར་སྤྲེལ་འབྲུམ་ནད་ཡིན་པ་གཏན་འབེབས་བྱས་ཡོད། ད་ལྟ་ནད་པ་དེ་དམིགས་བཙུགས་སྨན་ཁང་ནང་གཅིག་སྡུད་ལོགས་དབྱེ་བྱས་ནས་སྨན་བཅོས་བྱེད་བཞིན་ཡོད་པ་དང་། ནད་གཞི་སྡུག་ཏུ་ཕྱིན་མེད་པ་རེད། མི་དེ་དང་འབྲེལ་འདྲིས་དམ་ཟབ་བྱུང་བ་རྣམས་ལོགས་སུ་བཀར་ནས་གསོ་རིག་ལྟ་ཞིབ་བྱེད་བཞིན་ཡོད། མིག་སྔར། ནད་པ་དེའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཉིང་སྐྱུར་བརྟག་དཔྱད་སྲིབ་གཤིས་ཡིན་པ་རེད།

       རིགས་གཅིག་མཁས་ཅན་གྱིས་ཞིབ་འཇུག་བརྡར་གཅོད་བྱས་པ་བརྒྱུད། ནད་པ་དེ་ཁྲུང་ཆིང་དུ་ཐོན་མ་ཐག་ལོགས་སུ་བཀར་ནས་དོ་དམ་ཚོད་འཛིན་བྱས་པས་སྤྱི་ཚོགས་ཐོག་འགྲོ་འོང་བྱས་མེད་པས་རིམས་ནད་ཁྱབ་མཆེད་ཀྱི་ཉེན་ཁ་ཆུང་ཆུང་ཡིན་ཞེས་བཤད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1