༄༅།། གཙང་པོ།

ནག་པོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 09-28


ནམ་ཕྱེད་ཀྱི་དུས་སུ

 གོམ་འགྲོས་འཁྱོར་བའི་གྲིབ་མ་ཞིག་ངའི་སེམས་གཏིང་དུ་འཛུལ

 རྒྱུན་རིང་བའི་ཀུ་ཅོ་དང་འཐོར་བཞིན་པའི་རླབས་ཀྱིས

 བཤས་ར་ཆུང་ཆུང་ཞིག་ཀྱང་ངའི་མིག་ནང་དུ་བསྐྱལ་ཡོང་བ་དང

 ཁྲག་གི་དྲི་མའང སྣ་ལམ་དུ་འཐུལ་བར་བྱེད

 རླངས་པར་འགྱུར་བཞིན་པའི

 སྒྲེགས་སྐྱུགས་ཀྱི་ཁ་དོག ཡང་ན་འཁྱག་རོམ་གྱིས་བཏུམས་པ་དེ་དག

 སུ་ཡི་སྣང་ངོར་ཚིག་འབྲུ་མི་གསལ་བའི་སྔགས་ཡིག་ཅིག་ཏུ་གྲུབ

 མི་སྡུག་པ་ཐག་རིང་དུ་བསྐྱུར་བ་དང

 དུས་ཚོད་ཀྱིས་ལྡད་ཀྱིན་པའི་འདོད་པ་མཐའ་དག རང་བཞིན་གྱིས་ཡལ་ནའང

 སྡུག་བསྔལ་མཚོན་བྱེད་ཀྱི་གཞས་འདི་དག

 མུན་པའི་གཏིང་དུ་བླངས་ཚེ

 ངས་རང་གི་གསོག་གསོབ་ཀྱི་འཚོ་བ་དྲན་སྲིད

 ས་རུབ་ནས་མིག་བཙུམས་ནའང རྣམ་རྟོག་ཅི་ཞིག་གིས

 ཆུ་བོ་བྲུག་པར་བྱས་པས་གཉིད་ཐབས་མ་བྱུང


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1