རྔ་བ་ཁུལ་གྱི་མཐོ་སྒང་སྔ་སྨིན་མ་རྨོས་ལོ་ཏོག་གི་སྔོ་གཟན་སྙོལ་བའི་ཚོད་ལྟ་ལེགས་གྲུབ་བྱུང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 10-14


 

     ཉེ་ཆར། རྔ་བ་ཁུལ་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཞིང་ལས་ཚན་རྩལ་སུའོ་དང་། ས་བོན་དོ་དམ་ས་ཚིགས། ཞིང་ལས་ལག་རྩལ་ཁྱབ་གདལ་ས་ཚིགས་བཅས་ཀྱིས་མཉམ་འབྲེལ་བྱས་ཏེ། མཐོ་སྒང་གི་སྔ་སྨིན་མ་རྨོས་ལོ་ཏོག་གི་སྔོ་གཟན་སྙོལ་བའི་ཚོད་ལྟ་ལ་ཞིང་ཁ་རུ་བརྟག་དཔྱད་དང་ཐོན་ཚད་ཚད་ལེན་བྱས། བརྟག་དཔྱད་ཚད་ལེན་བྱས་པ་བརྒྱུད་དེ། ཚོད་ལྟའི་ས་བོན་གྲུབ་འབྲས་ལེགས་པོ་བྱུང་བ་དེས་མཐོ་སྒང་གི་སྔ་སྨིན་མ་རྨོས་ལོ་ཏོག་གི་སྔོ་གཟན་སྙོལ་བའི་ཚོད་ལྟ་ལེགས་གྲུབ་བྱུང་བ་མཚོན་ཡོད།

 

      ད་ལོའི་དཔྱིད་ཀར། ཚོད་ལྟ་འདི་ནི་རྔ་བ་རྫོང་རོང་ཝམ་ཡུལ་ཚོ་མི་མགོ་གྲོང་སྡེ་དང་རྔ་བ་རྫོང་མཁར་གླིང་ཁུལ་དུ་ལག་བསྟར་བྱས་ཞིང་། ཚོད་ལྟ་སྙོལ་པའི་ས་བོན་རིགས་29ལས་ལེགས་འདེམས་བྱས་པའི“མཐོ་སྒང་གི་སྔ་སྨིན་178”སོགས་སྔ་སྨིན་མ་རྨོས་ལོ་ཏོག་སྔོ་གཟན་སྙོལ་བའི་ས་བོན་9ནི་མཚོ་ངོས་ལས་མཐོ་ཚད་སྨི་3000ནས་སྨི་3300བར་གྱི་ས་ནས་འདེབས་འཛུགས་བྱ་རྒྱུར་འཚམ་ལ། མ་རྨོས་ལོ་ཏོག་གི་མཐོ་ཚད་ལ་ལི་སྨི་202.4ནས་ལི་སྨི་247.2བར་ཡོད་པ་དང་ཐོན་ཚད་ལ་མུའུ་རེར་ཏུན་4.1ནས་ཏུན་6.5བར་ཡོད། 

      ཚོད་ལྟ་འདི་ལེགས་གྲུབ་བྱུང་བ་ཡིས་མཐོ་སྒང་འབྲོག་ཁུལ་གྱི་ཕྱུགས་རིགས་དགུན་སྒྲོལ་བཟའ་ཆས་ཀྱི་གནད་དོན་ཐག་གཅོད་ལ་དོན་སྙིང་ཆེན་པོ་ལྡན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1