ཞིང་ཨུའི་རྒྱུན་ཨུས་གྲོས་ཚོགས(རྒྱས་འཛོམས)འཚོགས་ནས།

རྩོམ་སྒྲིག་པ།འཇིགས་མེད།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-26


ཞིང་ཨུའི་རྒྱུན་ཨུས་གྲོས་ཚོགས(རྒྱས་འཛོམས)འཚོགས་ནས། 

ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 

 

རང་རེའི་ཞིང་ཆེན་གྱི་ལག་ལེན་དོན་འཁྱོལ་བྱེད་པའི་བསམ་འཆར་ལ་ཞིབ་འཇུག་བྱས། 

སྤྱི་ཟླ་10པའི་ཚེས་25ཉིན་གྱི་སྔ་དྲོར། ཞིང་ཨུའི་རྒྱུན་ཨུས་གྲོས་ཚོགས(རྒྱས་འཛོམས)འཚོགས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་རེའི་ཞིང་ཆེན་གྱི་ལག་ལེན་དོན་འཁྱོལ་བྱེད་པའི་བསམ་འཆར་ལ་ཞིབ་འཇུག་བྱས། ཚོགས་འདུའི་ཐོག །རང་རེའི་ཞིང་ཆེན་གྱི《ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུའི་སྐོར་གྱི་སྤྱིའི་བཀོད་སྒྲིག》དང《ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་ནན་ཏན་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》ལ་གྲོས་ཞིབ་བྱས། ཞིང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་། 

ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དེ་གཙོ་བོ་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་དང་ཀྲུང་དབྱང་སྒྲིག་ཨུའི་ལས་དོན་སྙན་ཞུ། ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་བཅས་ཀྱི་ནང་མཚོན་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་རུ་མིག་རྒྱང་རིང་བ་དང་བརྗིད་ཉམས་ལྡན་པ། མཁྱེན་རྒྱ་ཡངས་པ་བཅས་ཀྱི་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་དུ་སྤེལ་བའི་ཁ་ཕྱོགས་སྔར་བས་གསལ་སྟོན་བྱས་ཡོད་པས། དེ་ནི་རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་མཐུན་སྒྲིལ་གྱིས་སྣེ་ཁྲིད་ནས་དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་རེད། ཀྲུང་དབྱང་སྒྲིག་ཨུའི་ལས་དོན་སྙན་ཞུའི་ནང་སེམས་ཁྲལ་ཆེ་བ་དང་། ནན་པོ་གཙོར་འཛིན། དངོས་གཉེར་ཞིབ་ཕྲ་བཅས་འདུས་ཡོད་པས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཁ་ཕྱོགས་ཀྱི་ཁྲིད་སྟོན་མཁོ་འདོན་བྱས་ཡོད། ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་གྱིས་ངོས་འཛིན་གཅིག་མཐུན་དང་། སྙིང་སྟོབས་ཆེ་བ། གསར་གཏོད་ཟོལ་མེད་བཅས་ཀྱི་ཐོག་ནས་ཏང་གི་ལག་ལེན་འཕེལ་རྒྱས་དང་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གང་ལེགས་མཚོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནི་གཟིགས་རྒྱང་རིང་ལ་དགོངས་པ་གཏིང་ཟབ་པ་དང་། ཁ་ཕྱོགས་གནད་ལ་འཁེལ་བས། ང་ཚོས་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་ལེན་བྱེད་པ་དང་། ཕྱོགས་ཡོངས་ནས་འབད་བརྩོན་ཆེན་པོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་འབྲི་བ་ལ་སློབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐབས་ཉི་ཤུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཡིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་མཇལ་འཕྲད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་ལས། སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་རྣམ་པའི་བསམ་པའི་ཉམས་འགྱུར་བཟང་པོ་དང་། དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ། སེམས་ཁྲལ་གྱི་འདུ་ཤེས་ཆེན་པོ། གཟིགས་རྒྱང་རིང་བའི་རྣམ་པ་བཅས་གང་ལེགས་མངོན་ཡོད། ངེས་པར་དུ་ཇི་མ་ཇི་བཞིན་སློབ་སྦྱོང་བྱས་ནས། དེའི་ཕུན་སུམ་ཚོགས་པའི་ནང་དོན་དང་དགོངས་དོན་སྙིང་པོ་ལ་གོ་བ་གཏིང་ཟབ་བླངས་ནས། སློབ་སྦྱོང་དང་བེད་སྤྱོད་ཟུང་འབྲེལ་དང་། ཤེས་པ་དང་ཉམས་ལེན་ཟུང་འབྲེལ་ཐུབ་པ་བྱེད་དགོས། 

ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་ནན་ཏན་བྱ་རྒྱུ་ནི། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་གི་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་ཡིན། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་མཐོར་བཏང་ནས། མགྱོགས་མྱུར་ངང་བྱ་སྤྱོད་སྤེལ་ཏེ། ཞིང་ཆེན་ཡོངས་སུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་གྱི་ཚ་རླབས་འཕྱུར་བར་བྱེད་དགོས། བརྒྱུད་བསྒྲགས་དང་སློབ་སྦྱོང་གི་སྒྲིག་འཛུགས་ནན་ཏན་བྱས་ཏེ། རིམ་པ་ཁག་གི་ཏང་ཨུ(ཏང་རྩ་འཛུགས)ཡིས་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་སོགས་ཀྱི་རྣམ་པའི་ཐོག་ནས་སློབ་སྦྱོང་དང་བགྲོ་གླེང་དམ་འཛིན་ཡག་པོ་བྱེད་པ་དང་། ཏང་ཡོན་ལས་བྱེད་པར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་སོགས་ཡིག་ཆ་གལ་ཆེན་ཇི་མ་ཇི་བཞིན་ཞིབ་ཀློག་བྱ་རྒྱུའི་ཁྲིད་སྟོན་བྱས་ནས། སྲོག་ཤིང་གི་དོན་སྙིང་དང་དགོངས་དོན་སྙིང་པོ་གོ་བ་ལེན་ཐུབ་པ་བྱེད་དགོས། བློ་རྩེ་གཅིག་སྒྲིམ་གྱིས་སྒྲོག་འགྲེལ་དྲིལ་བསྒྲགས་སྤེལ་བ་དང་། རིམ་པ་ཁག་གི་སྒྲོག་འགྲེལ་ཚོགས་པ་སྒྲིག་འཛུགས་བྱས་ནས་སྒྲོག་འགྲེལ་བྱེད་པ། ས་གནས་ཁག་དང་ལས་ཁུངས་ཁག་གིས་སློབ་སྦྱོང་དང་ལག་ལེན་བསྟར་བའི་ཞིབ་ཕྲའི་བྱེད་ཐབས་དང་བྱ་སྤྱོད་དངོས་དྲིལ་བསྒྲགས་གཏིང་ཟབ་བྱེད་པ། ཕྱོགས་ཡོངས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་སློབ་སྦྱོང་དང་ལག་ལེན་བྱས་པའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་མཚོན་ཐུབ་པ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ངང་ཚུལ་བཟང་པོ་བསྐྲུན་དགོས། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་དམ་འཛིན་ནན་ཏན་བྱེད་པ་དང་། རིམ་པ་ཁག་གི་ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གླིང་)དང་། ལས་བྱེད་པའི་སློབ་གླིང་སོགས་སློབ་གསོ་གསོ་སྦྱོང་བྱེད་གནས་བེད་སྤྱོད་ཡག་པོ་གཏོང་བ། ཏང་ཡོན་ལས་བྱེད་པ་ཡོངས་ལ་ཀུན་ལ་ཁྱབ་པའི་རེས་སྐོར་སྦྱོང་བརྡར་བཅས་བྱེད་དགོས། 

ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་བཀོད་སྒྲིག་ཁག་སློབ་སྦྱོང་དང་ལག་བསྟར་བྱེད་པའི་འགག་རྩ་ནི། ཞིབ་ཕྲའི་བྱ་སྤྱོད་ཐོག་དོན་འཁྱོལ་བྱ་རྒྱུ་དེ་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་ལག་བསྟར་གྱི་ཕན་འབྲས་དེ་ལས་དོན་ཡག་པོ་སྒྲུབ་པའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་བསྒྱུར་ནས། ས་གནས་དེ་ག་དང་སྡེ་ཁག་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། དངོས་འཛིན་དངོས་སྒྲུབ་དང་། དཀའ་སྤྱད་སྙིང་རུས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐབས་ཇུས་བཀོད་སྒྲིག་ཁག་སི་ཁྲོན་དུ་ཞིབ་ཕྲ་ཡོང་བར་འགན་ལེན་བྱས་ཏེ། རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ལྷག་པར་དུ་ལྟ་སྐུལ་ཞིབ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། ཞིང་ཆེན་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་གྲོང་ཁྱེར(ཁུལ)དང་ཞིང་ཆེན་ཐད་གཏོགས་སྡེ་ཁག་ལ་འབྲེལ་གཏུག་དང་མཛུབ་ཁྲིད་གཏིང་ཟབ་བྱས་ཏེ། ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བྱས་ཚུལ་དེ་སྐོར་གཟིགས་སྐོར་ཞིབ་ལས་དོན་ནང་བཅུག་སྟེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་དང་། དོན་དངོས། ཕན་འབྲས་དངོས་ཐོན་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། །     ༼ཚུལ་ཁྲིམས་བཟང་པོས་བསྒྱུར།༽ 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1